西藏青年报藏文版ཕྱོགས་བསྡུས། བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་དབྱིངས་ཞུགས་རྣམ་པའི་ཐོག་ནས་བདེ་འཇགས་ནང་སྦྱོང་བྱས་པ། བཅའ་ཁྲིམས་ཁྱབ་གདལ་སྒྲ་ཁུག་ལེ་ཚན་བཏོན་ཏེ“བཅའ་ཁྲིམས་ཤེས་མཁན”གསོ་སྐྱོང་བྱས་པ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རིག་གནས་ཡུལ་སྐོར་གྱི་དམངས་གཉེར་ཁེ་ལས་སུ་བརྟག་ཞིབ་གནང་བ། ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོས་ས་ཡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ།

放大 缩小 默认

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རིག་གནས་ཡུལ་སྐོར་གྱི་དམངས་གཉེར་ཁེ་ལས་སུ་བརྟག་ཞིབ་གནང་བ།

ཟླ་7 ཚེས་2ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་རུ་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རིག་གནས་ཡུལ་སྐོར་གྱི་དམངས་གཉེར་ཁེ་ལས་ཁག་གཅིག་ཏུ་བརྟག་ཞིབ་གནང་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མཛེས་མཐུན་པོ་ཏ་ལ་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གནའ་བོའི་སྒྱུ་རྩལ་ཨར་སྐྲུན་མཛེས་རྩལ་ཀུང་སིར་ཕེབས་ནས། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་དང་སྲིད་ཇུས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་མ་ཟད། ཁེ་ལས་གཉེར་སྐྱོང་བྱེད་རིང་དཀའ་ངལ་དང་གནད་དོན་གང་ཡོད་མེད་སྐོར་ལའང་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་བླང་བྱ་བཏོན་དོན། མཛེས་ལྗོངས་ཁུལ་དང་། ཁྱད་ལྡན་དམངས་སྲོལ་གནས་ཚང་། རིག་གནས་བསམ་བཀོད་ཐོན་རྫས། ཞིབ་སློབ་ཡུལ་སྐོར། དམངས་སྲོལ་ཉམས་ལེན་སོགས་ཀྱི་ཁྱབ་ཁོངས་གཉེར་སྐྱོང་ཡག་པོ་བྱས་ཏེ། ལས་རྣམ་གསར་པ་གཏོད་པ་དང་རིག་གནས་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱེད་དགོས། བོད་ཀྱི་རིག་གནས་དང་། མངོན་མིན་རིག་གནས་ཤུལ་བཞག དམངས་སྲོལ་རིག་གནས། གསར་བརྗེའི་རིག་གནས་བཅས་ཀྱི་ཐོན་ཁུངས་སྔོག་འདོན་ཧུར་ཐག་བྱས་ཏེ་ཁྱད་ལྡན་རིག་གནས་ཀྱི་IPནུས་ཤུགས་ཡོད་རྒུས་གཏོད་དགོས། གནའ་བོའི་ཨར་སྐྲུན་ལག་རྩལ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཁྱབ་ཁོངས་སུ་ཧུར་ཐག་གཞོལ་བ་དང་། ལས་རིགས་མཐུན་ཚོགས་འཛུགས་རྒྱུའི་འཆར་འགོད་ཧུར་ཐག་བྱེད་པ། གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས།

དབང་སྒྲོན་སྐྱིད་དང་བདེ་སྐྱིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明