西藏青年报藏文版ཕྱོགས་བསྡུས། ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུགས་མ་འདྲེན་ལ་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ། བོད་ཀྱི་སློབ་ཆེན་སློབ་མ་60ཡིས་ཉི་འོད་ལུས་རྩལ་ལག་ལེན་སྒར་དུ་ལང་ཚོའི་སྦྱོང་བསྡར་བྱས་པ། མངའ་རིས་ས་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མཛེས་ལྗོངས་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས《མི་དམངས་གོང་དུ་བཀུར》ཞེས་པ་པེ་ཅིང་དུ་འཚོགས་པ།

放大 缩小 默认

བོད་ཀྱི་སློབ་ཆེན་སློབ་མ་60ཡིས་ཉི་འོད་ལུས་རྩལ་ལག་ལེན་སྒར་དུ་ལང་ཚོའི་སྦྱོང་བསྡར་བྱས་པ།

ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་སྒྲུབ་འགན་འཁུར་བའི་“ཉི་འོད་ལུས་རྩལ་གྱིས་གཟུགས་སྟོབས་ཆེ་རུ་གཏོང་བ། བློ་གཅིག་སེམས་གཅིག་གིས་ཕུགས་འདུན་སྒྲུབ་པ་དང་ཏང་གི་རྗེས་སུ་འབྲངས་བ་”ཞེས་པའི་2026ལོའི་ལྗོངས་ཡོངས་ཀྱི་སློབ་ཆེན་སློབ་མའི་ཉི་འོད་ལུས་རྩལ་ལག་ལེན་སྒར་དེ་བྲག་གསུམ་མཚོའི་གཞོན་ནུ་ལོ་ཆུང་བྱེད་སྒོའི་སྒར་སར་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ་རེད། ལྗོངས་ནང་ཁུལ་གྱི་མཐོ་སློབ་6ནས་ཡོང་བའི་སློབ་ཆེན་སློབ་མ་60ཚང་མས་ལག་ལེན་སློབ་ཚན་གྱི་བརྒྱུད་རིམ་ཡོངས་ལེགས་གྲུབ་བྱུང་ནས་སློབ་མཇུག་བསྒྲིལ་བ་རེད།

ད་ཐེངས་ཀྱི་ལག་ལེན་སྒར་གྱིས“ཉི་འོད་ལུས་རྩལ་དང་བསམ་བློ་ཆབ་སྲིད་སྣེ་ཁྲིད”ཀྱི་ལམ་ཐིག་གཉིས་མཉམ་འདྲེས་ཀྱི་མི་སྣ་གསོ་སྐྱོང་བྱེད་སྟངས་སྤྱད་དེ་བསམ་བློ་ཆབ་སྲིད་ལ་ཞིབ་འཇུག་སློབ་སྦྱོང་དང་། མི་རིགས་མཐུན་སྒྲིལ་སློབ་གསོ། སྲོལ་རྒྱུན་དམངས་སྲོལ་ལུས་རྩལ། ཕྱི་རོལ་གྱི་བྱང་ཚད་ཆེ་རུ་གཏོང་བ་སོགས་སྣ་མང་ནང་དོན་སྤྱད་དེ་དབྱིངས་ཞུགས་ཀྱི་རྣམ་པས་ལག་ལེན་མི་སྣ་གསོ་སྐྱོང་གི་སློབ་ཚན་བཏོད་ཡོད་པ་དང་། བྱེད་སྒོ་སྤེལ་རིང་དམག་སྒར་མི་སྣ་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་སློབ་ཁྲིད་ནང་ཞུགས་ནས་སྔ་རྗེས་སུ་ཀ་ལ་གྲོང་ཚོའི་“མཐུན་སྒྲིལ་ལ་བསྟོད་པའི”འགྲེམས་སྟོན་ཁང་དང་མཚོ་ཀའོ་གུ་གྲོང་ཚོའི་གསར་རྙིང་འཕེལ་རྒྱས་སྒྲིག་གཤོམ་ཁང་དུ་བསྐྱོད་དེ། ས་གནས་ས་ཐོག་ཏུ་ཞིབ་འཇུག་སློབ་སྦྱོང་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་བདེན་དཔང་བྱས་པ་རེད།

ས་གནས་འདི་གའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་ཐོན་ཁུངས་ལ་གཞི་ཚུགས་ཏེ་ལག་ལེན་སྒར་གྱིས་ཆེད་མངགས་ཀོང་པོའི་མདའ་འཕེན་ས་དང་། གླང་རྭ་རྒྱག་ས། སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་སོགས་ཁྱད་ལྡན་ཉམས་ལེན་རྣམ་གྲངས་ཆེད་མངགས་བཀོད་སྒྲིག་བྱས་ནས་གཞོན་ནུ་སློབ་མའི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བ་དང་ཕུལ་བྱུང་གི་མི་རིགས་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱེད་དུ་བཅུག་པ། གཞན་ཡང་སྤྱི་ལེ་15ཡི་རྐང་ཐང་དུ་བསྐྱོད་ནས་བྲག་གསུམ་མཚོའི་སྐྱེ་ཁམས་ལ་བསྐོར་བ་དང་། མཐོ་སློབ་ཀྱི་ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་མཛའ་འབྲེལ་དགོང་ཚོགས་སོགས་ཁྱད་ལྡན་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ནས་མི་རིགས་ཁག་གི་གཞོན་ནུའི་འབྲེལ་གཏུག་སྤེལ་རེས་ཀྱི་སྟེགས་བུ་གཏོད་ཡོད།

“ད་ཐེངས་ཀྱི་ལག་ལེན་སྒར་གྱི་ནང་དོན་ཕུན་སུམ་ཚོགས་ལ་གྲུབ་འབྲས་ཀྱང་ཕུན་སུམ་ཚོགས་པོ་བྱུང་ཡོད། ཕྱི་རོལ་དུ་རྐང་ཐང་དུ་བསྐྱོད་པ་དང་ཚོགས་པའི་མཉམ་ལས་ཀྱིས་ངའི་ལུས་པའི་ནུས་ཤུགས་ལ་སྦྱོང་བརྡར་དང་བསམ་བློར་ཡང་སྦྱོང་བརྡར་བྱུང་ཡོད་པས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ལས་ངས་བོད་ཀྱི་འཕེལ་རྒྱས་ཀྱི་རྐྱེན་རྩ་རྟོགས་ཐུབ་པ་དང་མི་རིགས་མཐུན་སྒྲིལ་གྱི་རིན་ཐང་གལ་ཆེན་མྱོང་ཚོར་གཏིང་ཟབ་བྱུང་བ་”བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་ཅང་ཡུང་ཆུས་ཤིས་ཀྱིས་འབྱུང་འགྱུར་ལག་ལེན་ཁྲོད་ཐོབ་པའི་འབད་བརྩོན་གྱི་སྙིང་སྟོབས་དང་མཐུན་སྒྲིལ་གྱི་སྙིང་སྟོབས་དེ་སློབ་སྦྱོང་དང་འཚོ་བའི་ནང་འདྲེས་རྒྱུ་དང་། ཕུགས་འདུན་དད་སེམས་སྲ་བརྟན་དུ་གཏོང་བ་དང་། ཆེད་ལས་ཀྱི་འཇོན་ཐང་སྦྱོང་བརྡར་བྱེད་པ། གངས་ལྗོངས་ས་མཐོར་གཞི་ཚུགས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་བཅས་བྱས་ཏེ་ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ནུས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

འབྲེལ་ཡོད་འགན་འཁུར་བས་རྗེས་མཐུད་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་རྒྱུན་མཐུད་རིམ་སྤར་གྱིས་མི་སྣ་གསོ་སྐྱོང་གི་རྟེན་གཞི་གཏོད་དེ་བྱེད་སྒོའི་རྣམ་པ་དང་ནང་དོན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་གྲྭ་ནས་ཐོན་པ་དང་རང་བྱུང་ཁམས་ལ་རྒྱུས་མངའ་ལེན་པ་དང་ལག་ལེན་སློབ་གསོར་རྒྱུས་མངའ་གཏིང་ཟབ་ལེན་ཐུབ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明