སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསང་སྲུང་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གསང་སྲུང་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་6ཚེས་17ཉིན་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་2026ལོའི་གསང་སྲུང་སློབ་གསོའི་གསོ་སྦྱོང་གི་ཚོགས་འདུ་འཚོགས་ཤིང་། ལས་ཁུངས་སྡེ་ཚན་ཁག་དང་ཐད་གཏོགས་ཚན་པ་ཁག་གི་ལས་བྱེད་པ། ལས་བཟོ་ཡོངས། ནུབ་རྒྱུད་འཆར་གཞིའི་དང་བླངས་པ།“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”མི་སྣ་སོགས་མི་50ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་རྒྱལ་ཁབ་གསང་སྲུང་ཅུས་ཚན་རྩལ་དོ་དམ་ཁྲུའུ་ཡི་རིམ་པ་གཉིས་པའི་བརྟག་ཞིབ་པ་དང་ཐོ་འགོད་ཆ་འཕྲིན་བདེ་འཇགས་བཟོ་སྐྲུན་ཆེ་མོ་བ་སི་ཧུང་པོ་གདན་དྲངས་ནས“དུས་རབས་གསར་པའི་གསང་སྲུང་ལས་དོན་གྱི་དུས་བབ་དང་ལས་འགན”ལ་དམིགས་ནས་ཆེད་དོན་སློབ་ཁྲིད་བྱས་པ་དང་། གསོ་སྦྱོང་གི་ནང་དོན་ནི་བོད་ལྗོངས་ཀྱི་གནས་ཚུལ་དང་ཚན་པའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པ་རེད། ཚང་མས་ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་པ་བརྒྱུད་དུས་བབ་གསར་པའི་ཁྲོད་གསང་སྲུང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་སླར་ཡང་ངོས་འཛིན་གཏིང་ཟབ་བྱུང་བ་དང་། སླད་ཕྱིན་གསང་སྲུང་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུས་ནས་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཏེ་ཞན་ཆ་གསབ་པ། སྟོབས་ཞན་རྣམ་གྲངས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གསང་སྲུང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས། དགོས་གཏུག་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་ཆེད་ཡིན།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་དགྲ་བོའི་གནས་ཚུལ་ལ་མྱུལ་ཞིབ་བྱེད་དགོས། སེམས་ཁྲལ་ལ་དོ་སྣང་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྲོག་ཤིང་སྲུང་པ། གཙོ་གནད་འགན་སྲུང་བྱེད་པའི་ཁྱོན་ཡོངས་ཀྱི་འདུ་ཤེས་དང་རྨང་གཞི་དམ་འཛིན་བྱེད་པ། དོན་འཁྱོལ་དམ་འཛིན་བྱེད་པའི་འགན་འཁྲིའི་འདུ་ཤེས་འཛུགས་པ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་གྱི་བསམ་པ་རྒྱུན་འཁྱོངས་བྱེད་རྒྱུ། གསང་སྲུང་གི་རྒྱུད་པ་དམ་པོར་བསྡམས་དགོས། དུས་བསྟུན་མདུན་སྐྱོད་ཀྱིས་བདེ་འཇགས་གསང་སྲུང་གི་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་དགོས།
ཚེ་རིང་ཐར་གྱིས་བསྒྱུར།


