西藏青年报藏文版ཕྱོགས་བསྡུས། སྐད་རིགས་མི་ཉམས་རྒྱུན་འཛིན་གྱིས། བརྩོན་པ་ཆུ་བོའི་རྒྱུན་ལ་འགྲན། ལྷ་སར་AIའཕྲུལ་མིའི་འགྲན་བསྡུར་ཞིག་གིས་མི་ཐབས་རིག་ནུས་ལ་ངེས་ཤེས་དང་མཐའ་མཚམས་གསར་པ་འཚོལ་ཞིབ་བྱས་པ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་2026ལོའི་གསང་སྲུང་སློབ་གསོའི་གསོ་སྦྱོང་གི་ཚོགས་འདུ་འཚོགས་པ། དམངས་ཕན་གྱི་རིག་གནས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

放大 缩小 默认

ལྷ་སར་AIའཕྲུལ་མིའི་འགྲན་བསྡུར་ཞིག་གིས་མི་ཐབས་རིག་ནུས་ལ་ངེས་ཤེས་དང་མཐའ་མཚམས་གསར་པ་འཚོལ་ཞིབ་བྱས་པ།

ཉེ་ཆར་ལྷ་སར་གསར་གཏོད་ཀྱི་རྣམ་པ་གསར་པའི་AIའཕྲུལ་མིའི་འགྲན་སློང་གི་འགྲན་བསྡུར་ཞིག་གཉེར་བ་དང་། འགྲན་བསྡུར་དེ་བོད་ལྗོངས་ཡོན་ཧེང་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་སྤེལ་བས་རིམ་བཞིན་ཀྲི་ཕུའུ་ཆིང་ཡན་དང་། ཡོན་པའོ། DeepSeek ཏོའུ་པའོ། KIMI ཝུན་ཤིན་བཅས་ཚོང་སྤྱོད་དཔེ་དབྱིབས་ཆེན་པོ་དྲུག་འགྲན་བསྡུར་བྱས་པ་རེད།

ད་ཐེངས་ཀྱི་འགྲན་སློང་འགྲན་བསྡུར་གྱི་སྤྱིའི་ཐད་གཏོང་དུས་ཡུན་ཆུ་ཚོད་17ལས་བརྒལ་བ་དང་བཀོལ་སྤྱོད་གཏན་འཇགས་ཀྱི་འགྲན་བསྡུར་སྒྲིག་ལུགས་ཁག་གསུམ་ནང་དཔེ་དབྱིབས་རྐྱང་པའི་འགག་སྒྲོལ་ཚང་མ་ལེགས་འགྲུབ་བྱས་ཚེ་གཞི་ནས་ལེགས་འགྲུབ་བྱུང་བར་བརྩིས་ཀྱི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་སློང་གསུམ་གྱི་འགྲན་བསྡུར་སོ་སོར་གཙོ་གནད་འགའ་ཡོད་པ་སྟེ། ཤེས་བྱའི་གཏན་ཚིགས་རིགས་འདེད་འཁྲབ་སྟོན་དང་ལས་གྲྭའི་རྣམ་གྲངས་ཐུན་མོང་ཐོག་བསྐྲུན་པ་བརྒྱུད་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཁུངས་འདེད་བྱེད་པའི་བར། དེ་སྔའི་མི་དང་འཕྲུལ་ཆས་འགྲན་པའི་དོ་གནད་མང་བའི་རྩིས་ནུས་རྒྱལ་ཕམ་དང་མི་འདྲ་ས་ནི་ད་ཐེངས་ཀྱི་འགྲན་སློང་འགྲན་བསྡུར་ནང་མཐོ་དམན་གླེང་རྒྱུ་དམིགས་ཡུལ་དུ་མི་བྱེད་པར་རྨང་གཞིའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་བེད་སྤྱོད་བཅས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱ་རྒྱུ་དེ་ཡིན་པ་རེད།

བོད་ལྗོངས་ཡོན་ཧེང་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་སློབ་སྤྱི་ཀྲོའུ་ཅན་ཅུན་གྱིས་ད་ཐེངས་ཀྱི་འགྲན་སློང་འགྲན་བསྡུར་གཉེར་བ་ནི་AIཡི་ནུས་པ་ར་སྤྲོད་བྱེད་རྒྱུ་ཙམ་མིན་པར། སྒོ་དབྱེ་དང་ལྷག་བསམ་ཟོལ་མེད་ཀྱི་བྱེད་ཐབས་ཐོག་ནས་མིའི་རིགས་དང་མི་ཐབས་རིག་ནུས་དབར་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་བྱས་ཏེ་དེ་གཉིས་པོས་ལག་གདང་སྦྲེལ་ནས་འབྱུང་འགྱུར་ཤེས་དཔལ་ཐུན་མོང་ཐོག་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明