西藏青年报藏文版ཕྱོགས་བསྡུས། ལོ་ངོ་སྟོང་གི་ཚྭ་ཞིང་ནས། ལོ་ཟླའི་འཕོ་འགྱུར་ལྷམ་མེར་མངོན། བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་སློབ་གྲྭའི་གཞས་པ་ལེགས་གྲས་བཅུའི་འགྲན་བསྡུར་ཆེ་མོ་གཉེར་བ། རི་ཆུ་བརྒལ་བའི་མཉམ་འཛོམས་ལས། སེམས་མཐུན་བདེ་སྐྱིད་འཚོ་བར་རོལ།

放大 缩小 默认

བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་སློབ་གྲྭའི་གཞས་པ་ལེགས་གྲས་བཅུའི་འགྲན་བསྡུར་ཆེ་མོ་གཉེར་བ།

འདི་ནི་བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་སློབ་གྲྭའི་གཞས་པ་ལེགས་གྲས་བཅུའི་འགྲན་བསྡུར་ཆེ་མོའི་ བདམས་ཐོན་པ་ཚོའི་གར་སྟེགས་ཐོག་གི་རྣམ་པ་ཡིན་པ།

ཟླ་6ཚེས་9ཉིན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་སྡེ་ཚོགས་ཨུ་ལྷན་དང་སློབ་གྲྭའི་སློབ་མའི་ལྷན་ཚོགས་ཀྱིས་སློབ་གྲྭའི་གཞས་པ་ལེགས་གྲས་བཅུའི་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གཉེར་བས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཆིག་སྟོང་ལྷག་ཙམ་དེ་གར་གཟིགས་པར་ཕེབས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་འདེམས་བསྐོ་དང་། ཕྱེད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བཅས་དུས་མཚམས་གསུམ་ལ་དབྱེ་ནས་མཐའ་མ་འགྲན་མི་10 རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་པ་རེད།

རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་དང་སྤྲོ་སེམས་ལྡན་པར་འགོ་ཚུགས་ཞབས་བྲོ《སེམས་འགུལ》ཞེས་པའི་འགྲན་བསྡུར་གྱི་འགོ་བརྩམས་པ་རེད། 《ངོ་མཚར་གཏམ་རྒྱུད》 《ནམ་ཡང་འབྲེལ་མི་ཆད་པའི་བརྩེ་བ》 《གནམ་ལམ》སོགས་འགྲན་བསྡུར་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་དང་། ས་གནས་ས་ཐོག་ཏུ་བདམས་ཐོན་པ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་ཕུལ་དུ་བྱུང་བའི་གཞས་གཏོང་རྩལ་ལ་བརྟེན་ནས་འགྲན་བསྡུར་ནང་ཞུགས་པ་དང། ས་གནས་ས་ཐོག་ཏུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱིས་སྒྲ་རྒྱུན་ཆད་མེད་པར་གྲགས་ཡོད།

འགྲན་བསྡུར་རྩལ་འགྲན་བྱས་པ་བརྒྱུད་དཀོན་མཆོག་རྒྱལ་མཚན་ལ་ཨང་དང་པོ་ཐོབ་པ་དང་། བློ་བཟང་མཚོ་མོ་དང་ངག་སྐྱིད་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། ཚེ་རིང་དོན་གྲུབ་དང་བཀྲ་ཤིས་སྒྲོལ་མ། ནོར་བུ་དོན་གྲུབ་བཅས་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ། ཚེ་རིང་བསྟན་པ་དང་། སྐྱིད་མོ་མཚོ། ལྷག་པ་བཀྲ་ཤིས། པདྨ་དབྱངས་ཅན་བཅས་མི་བཞི་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

འབྲེལ་ཡོད་འགན་འཁུར་བས་“ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་ནི་རོལ་དབྱངས་ལ་དགའ་པོ་ཡོད་པའི་སློབ་མར་བསྐྲུན་པའི་ཆེད་ལས་དང་དྲང་བདེན་གྱི་འགྲེམས་སྟོན་གར་སྟེགས་ཤིག་ཡིན་པ་དེས་རང་རེའི་སློབ་གྲྭའི་ཧུར་བརྩོན་ཡར་ཐོན་གྱི་ལང་ཚོའི་རྣམ་འགྱུར་བརྒྱུད་སྤྲོད་བྱས་ཡོད་ལ། རྗེས་མཐུད་ང་ཚོས་མུ་མཐུད་ནས་རིག་གནས་ལུས་རྩལ་སྒྱུ་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་སློབ་མ་ཁྱོན་ཡོངས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明