西藏青年报藏文版གལ་ཆེའི་གས་འགྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ། ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

放大 缩小 默认

ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

འདི་ནི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

འདི་ནི་འཁྲབ་སྟོན་པས་འགོ་ཚུགས་མཛད་སྒོར་མི་རིགས་ཀྱི་ཞབས་བྲོ་འཁྲབ་བཞིན་པ།

2026ལོའི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ་6ཚེས་10ཉིན་དངོས་སུ་འགོ་ཚུགས་པ་རེད། ཁྲ་ཆིལ་གློག་འོད་ཀྱིས་བརྒྱན་པའི་ལུས་རྩལ་ཐང་དུ་རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་ཀྲོང་ངེར་ལངས་ནས་རྒྱལ་དར་སྲུང་བ་དང་། འགྲན་བསྡུར་ལ་ཞུགས་མཁན་འཐུས་མི་ཚོགས་པ་ཁག་གྲལ་འགྲིག་པོར་གནས་ཡོད། རྒྱ་བོད་ཤན་སྦྱར་གྱི་བརྗོད་དོན་གཙོ་བོའི་བརྙན་ཤེལ་ཆེན་པོ་དང་ཁྱད་ལྡན་བཀྲ་ཤིས་ནོར་གཡང་འབྲི་གཡག་ལས་གངས་ལྗོངས་ཀྱི་མི་རིགས་ཀྱི་ཉམས་འགྱུར་མངོན་པ་དང་། མི་རིགས་ཁག་གི་ལུས་རྩལ་པ་མཉམ་དུ་འཛོམས་ནས་མཐུན་སྒྲིལ་མདུན་སྐྱོད་དང་གསོན་ཤུགས་རབ་འཕེལ་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明