西藏青年报藏文版ཕྱོགས་བསྡུས། བྱིས་སེམས་ཕྲ་མོས་མཐའ་སྲུང་གི་འཐབ་འཛིང་པ་དང་གླེང་མོལ་དང་གངས་ལྗོངས་མཐའ་མཚམས་ལ་གུས་འདུད་ཞུས་པ། སྣང་བ་སྐྱིད་པའི་བྱིས་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་བཞག་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོ ནག་ཆུ་གྲོང་ཁྱེར་སོག་རྫོང་གིས“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

放大 缩小 默认

བྱིས་སེམས་ཕྲ་མོས་མཐའ་སྲུང་གི་འཐབ་འཛིང་པ་དང་གླེང་མོལ་དང་གངས་ལྗོངས་མཐའ་མཚམས་ལ་གུས་འདུད་ཞུས་པ།

དཀར་ལ་གཙང་བའི་ཤོག་རིང་སྒྲོག་རྩེའི་ཐོག་ཏུ་དལ་གྱིས་བཀྲམ་ཞིང་དངོས་ཞབས་དང་དམག་ཞབས་ཐིམ་པའི་དམག་མི་དང་ཕྲུ་གུ་ཚོས་ལག་ཏུ་ཚོན་ཁྲ་ཅན་གྱི་སྨྱུ་གུ་བཟུང་ནས་གཟི་བརྗིད་ལྡན་པའི་གངས་རི་དང་། མཐའ་མཚམས་སོ་ལྟ་ཁང་། ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དང་སྐོར་གཡེང་དམག་མི་བཅས་ཀྱི་གཟུགས་བརྙན་རེ་རེ་བཞིན་ཤོག་བུའི་ཐོག་ཏུ་བྲིས། ཟླ་5ཚེས་23ཉིན་རྒྱལ་སྤྱིའི་“དྲུག་གཅིག”བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་དུས་ལ་“གངས་ལྗོངས་ཀྱི་སྙིང་སྟོབས་བརྒྱུད་སྤྲོད། བྱིས་བློས་མཐའ་མཚམས་ལ་གུས་སྨོན་”ཞེས་པའི་2026ལོའི“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོའི་བཞུགས་མོལ་སྤེལ་རེས་ཚོགས་འདུ་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་དུ་སྤེལ་འགོ་ཚུགས་པ་རེད།

བྱེད་སྒོ་དེ་ནི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་སྒྲུབ་འགན་འཁུར་བ་དང་། བོད་ཀྱི་དངོས་ཞབས་དང་དམག་ཞབས་ཐིམ་པའི་དམག་མིའི་འཐུས་མི་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་དགེ་སློབ་དང་དེ་བཞིན་ཁྱིམ་བདག་འཐུས་མི་བཅས་ཁྱོན་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། ས་གནས་ས་ཐོག་ཏུ་དངོས་ཞབས་དང་དམག་ཞབས་ཐིམ་པའི་མཐའ་སྲུང་དཔོན་དམག་མང་པོས་རང་ཉིད་ཀྱི་མཐའ་སྲུང་ཉམས་མྱོང་ལ་གཞི་བྱས་ཏེ། བབ་ཆགས་ལ་གསོན་ཉམས་ལྡན་པའི་སྐད་ཆའི་ཐོག་ནས་གངས་ལྗོངས་མཐའ་སྲུང་གི་རྒྱུན་གཏན་གྱི་འཚོ་བ་དང་ཁ་བ་བུ་ཡུག་ཁྲོད་མཐའ་མཚམས་ཀྱི་མཐོང་ཐོས་དང་རྒྱལ་ཁབ་མངའ་ཁོངས་བརྟན་སྲུང་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་རེད།

དེ་རྗེས་“བྱིས་བློས་མཐའ་མཚམས་ལ་འདྲི་བའི”མཉམ་འགུལ་བརྒྱུད་རིམ་གྱི་རྣམ་པ་འཁྲུག་ཆ་དོད་པོ་བྱུང་ཞིང་། ཕྲུ་གུ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལག་པ་ཡར་བཀྱགས་ནས“མཐའ་མཚམས་སུ་དགུན་ཁ་གྲང་མོ་ཇི་འདྲ་འདུག”“ཨ་ཁུ་དམག་མིས་དུས་རྒྱུན་སྐོར་གཡེང་ཇི་ལྟར་བྱེད་ཀྱི་ཡོད་དམ། ”“ཡུན་རིང་ས་མཐོར་མཐའ་སྲུང་བྱེད་དུས་ཁྱིམ་དྲན་གྱི་འདུག་གམ། ”ཅེས་བྱིས་པའི་སེམས་ནང་གི་དྲི་བ་རྒྱུན་ཆད་མེད་པར་དྲིས་པས་ཚོགས་ར་སྐད་སྒྲས་ཁེངས་ཤིང་། དཔོན་དམག་ཚོས་བྱམས་བརྩེ་ལྡན་པའི་སྐད་ཆའི་ཐོག་ནས་ངང་རྒྱུད་རིང་པོས་ལན་བཏབ་པས་ན་ཆུང་བྱིས་པ་དང་མཐའ་མཚམས་དམག་མི་དབར་གྱི་འབྲེལ་ཐག་ཉེ་རུ་ཕྱིན་ཡོད། རྒྱལ་སྲུང་ཤེས་བྱའི་ལན་འདེབས་ཁྲོད་ཚང་མས་ཧུར་ཐག་ངང་ཞུགས་པ་དང་དྲི་བ་དྲིས་ལན་ཧུར་ཐག་བཏབ་སྟེ་སྤྲོ་སྣང་ལྡན་པའི་འགྲན་བསྡུར་ཁྲོད་རྒྱལ་སྲུང་ཤེས་བྱར་ཡང་སློབ་སྦྱོང་བྱས་པ་རེད།

ཕྲུ་གུ་ཚོས་ད་དུང་སྔ་སྣུར་གྱིས་ལག་བྲིས་བྱས་པའི་རྟེན་ཤོག་གི་རི་མོའི་བརྩམས་ཆོས་དམག་མིའི་འཐུས་མིར་འཕུལ་ནས་སྨོན་འདུན་དང་གུས་བཀུར་མཚོན་པར་བྱས་པ་རེད། བྱེད་སྒོ་མཇུག་འགྲིལ་སྐབས་དཔོན་དམག་དང་ན་ཆུང་བྱིས་པ་མཉམ་དུ“ངའི་སེམས་ནང་གི་མེས་རྒྱལ་གྱི་མཐའ་མཚམས”ཞེས་པའི་པར་རིས་ཀྱི་གསར་རྩོམ་ནང་ཞུགས་ནས་རི་མོ་འབྲི་བ་དང་མིང་རྟགས་བཀོད་པའི་ཐོག་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱས་པ་རེད།

བྱེད་སྒོའི་ནང་ཞུགས་མཁན་སློབ་མ་བསྟན་འཛིན་རིན་འཛིན་གྱིས་བྱེད་སྒོའི་ཁྲོད་མྱོང་ཚོར་ཆེན་པོ་བྱུང་བ་སྟེ་ “དེ་སྔ་བརྙན་འཕྲིན་ཐོག་ནས་མ་གཏོགས་ཨ་ཁུ་དམག་མི་ཚོའི་རྣམ་པ་མཐོང་མྱོང་མེད། དེ་རིང་ས་གནས་ས་ཐོག་ཏུ་ཨ་ཁུ་དམག་མི་ཚོའི་གངས་རིའི་ཁྲོད་ཀྱི་གཏམ་རྒྱུད་ལ་ཉན་རྗེས་གཞི་ནས་ཁོང་ཚོས་བརྟན་སྲུང་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན་པ་རྟོགས་བྱུང་། ངས་དཔའ་བོ་ལ་སློབ་སྦྱོང་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་ཧུར་བརྩོན་བྱེད་རྒྱུ་ཡིན་”ཞེས་བཤད། ཁྱིམ་བདག་བདེ་སྐྱིད་སྒྲོལ་དཀར་གྱིས་དུས་རྒྱུན་ཁྱིམ་དང་སློབ་གྲྭ་ཕུད་ཕྲུ་གུ་རྣམས་མཐའ་སྲུང་དམག་མིར་འབྲེལ་འདྲིས་དང་མཐའ་མཚམས་ཀྱི་གཏམ་རྒྱུད་ཉན་དུ་འཇུག་པའི་གོ་སྐབས་ཧ་ཅང་ཁག་པོ་ཡོད། དེ་རིང་གི་རྒྱལ་སྲུང་སློབ་གསོ་དེས་དཔེ་དེབ་ཐོག་གི་ཡི་གེ་ལས་ལྷག་པའི་སྙིང་སྟོབས་དང་སྟོབས་ཤུགས་རྒྱུད་སྤྲོད་ཐུབ་ཡོད་པས། ཕྲུ་གུར་དྲིན་ཚོར་དང་གུས་བཀུར་གྱི་འདུ་ཤེས་ཤེས་རྟོགས་བྱུང་བ་མ་ཟད་སེམས་ནང་རྒྱལ་གཅེས་དམག་བཀུར་གྱི་ས་བོན་ཡང་བཏབ་ཡོད་ཅེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明