
འདི་ནི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་ཚོགས་ར་ཡིན།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བའི་དུས་འདིར། ཏང་ཡོན་ལས་བྱེད་ལས་བཟོས་པར་བོད་ཞི་བས་བཅིངས་འགྲོལ་གྱི་རླབས་ཆེན་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པར་སྔར་བས་ཁྲིད་སྟོན་བྱེད་པ་དང་། གཟི་བརྗིད་ལྡན་པ་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ནས་འབད་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱ་ཆེད། ཟླ་5ཚེས་22ཉིན་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་ཨུ་ལྷན་ལས་ཁུངས་ཀྱི་པུའུ་དང་དཔུང་ཁག ཐད་གཏོགས་བྱ་ལས་ཚན་པའི་ལས་བྱེད་ལས་བཟོ་པ་ཡོངས་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”བཅས་ཀྱི་མི་སྣ་ཁྱོན་མི་60ལྷག་ཙམ་སྒྲོག་འགྲེལ་བྱེད་སྒོར་ཞུགས་ཡོད།
བྱེད་སྒོའི་ནང་རང་སྐྱོང་ལྗོངས་ཏང་ཨུད་འཆད་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མི་དགེ་རྒན་ཆེ་མོ་བ་ཧོང་ཆིའུ་ཞ་གདན་དྲངས་ནས《བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ》ཞེས་པར་དམིགས་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད། ཁོང་གིས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཞིབ་ཕྲ་དང་གསོན་ཉམས་དོད་པའི་དཔྱད་བསྡུར་དཔེ་མཚོན་ལ་བརྟེན་ནས་བོད་ཀྱི་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བསྒྱུར་བཅོས། རང་སྐྱོང་ལྗོངས་བཙུགས་པ། བསྒྱུར་བཅོས་སྒོ་དབྱེ། དེ་བཞིན་དུས་རབས་གསར་པར་སླེབས་ཚུན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་ཞི་བས་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་དོན་སྙིང་གལ་ཆེན་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་དང་། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་རྗེས་ལུས་དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་བ། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་ཀྱི་རླབས་ཆེན་གྲུབ་འབྲས་གསལ་སྟོན་བྱས་ཡོད།
སྒྲོག་འགྲེལ་ཁྱོན་ཡོངས་བརྗོད་བྱ་གཙོ་བོ་མངོན་གསལ་དོད་ལ་ནང་དོན་གཏིང་ཟབ་པ། ཚོགས་འདུའི་ནང་ཞུགས་པའི་མི་སྣས་ད་ཐེངས་ཀྱི་སྒྲོག་འགྲེལ་བརྒྱུད་ནས་བོད་ཞི་བས་བཅིངས་འགྲོལ་གྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་བརྒྱུད་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་གོ་བ་སྔར་བས་གཏིང་ཟབ་བླངས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ཏེ། ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་འཐུས་མི་དབྱང་སུང་ལིན་གྱིས་ “དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ང་ཚོས‘བོད་བསྐྱོད་རྒན་གྲས་ཀྱི་སྙིང་སྟོབས’རྒྱུན་འཛིན་དང་དར་སྤེལ་བཏང་ནས། ས་མཐོར་རྩ་བ་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ལང་ཚོའི་དམ་བཅའ་ལག་ལེན་བསྟར་རྒྱུ་ཡིན”ཞེས་བཤད།
ཚེ་རིང་ཐར་གྱིས་བསྒྱུར།


