西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །གང་འདྲ་ཞིག་ལ་བདེ་སྐྱིད་དང་ལྡན་པ་ཟེར། ༄༅། །ཕ་ཡུལ་གྱི་ཁ་བ། ༄༅། །གཞན་ཡུལ་འགྲིམས་པའི་ང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི“ལྔ་བཞིའི”བྱེད་སྒོ་རབ་དང་རིམ་པར་དཔྱད་གཞི་ཕུལ་དུ་བྱུང་བ།

放大 缩小 默认

༄༅། །གང་འདྲ་ཞིག་ལ་བདེ་སྐྱིད་དང་ལྡན་པ་ཟེར།

□ 作者 ཚེ་རིང་ལྷ་སྐྱིད།

དེ་ནི་དངོས་སུ་ང་རང་གི་ལུས་ལ་འཕྲད་པའི་གནད་དོན་ཞིག་དང་། མི་ཚང་མས་མི་དགའ་བའི་དོན་ཞིག་ཡིན། དོན་དེས་ཁྱིམ་ཚང་ནང་གི་རྒན་གཞོན་ཚང་མར་དཀའ་ངལ་དང་སེམས་ཁྲལ་མི་ཉུང་བ་བཟོས་ཡོད།

རང་ཉིད་ཀྱི་ལུས་ལ་ཕོག་པའི་ནད་ཡམས་དེ་ནི་གང་ནས་ཡོང་བ་དང་ཇི་ལྟར་འགོས་པ་སུས་ཀྱང་མི་ཤེས། ཉིན་ཞིག་གི་ཞོགས་པར་ང་རང་ལུས་མི་བདེ་བ་ཏོག་ཙམ་བྱུང་བ་དང་། དེ་ནས་ཉིན་གཉིས་པའི་ཞོགས་པར་མིད་པ་ན་ནས་ཁ་ཡང་གྲག་རྒྱུ་མི་འདུག ད་དུང་མགོ་གཟེར་དང་ལུས་པོར་ཚ་བ་རྒྱས་པ་སོགས་མི་བདེ་བ་ཞེ་དྲག་བྱུང་། དེ་དུས་ངས་ཕ་མ་ལ་ཁ་པར་བརྒྱབ་ནས་སྨན་ཞིག་སྐྱེལ་བར་ཤོག་ཅེས་ལབ་རྩིས་ཡོད་མོད། འཛིན་བདག་གིས་ཆམས་རིམས་འགོག་པའི་སྨན་མང་པོ་ཞིག་ཁྱེར་འདུག་པས། ངའི་བསམ་པར་དེ་དག་ཟོས་ན་དྲག་མི་ཡོང་ངམ་སྙམ་ན་ཡང་ནད་དྲག་ཏུ་མ་ཕྱིན།

གཟའ་ཕུར་བུའི་དགོང་ཚོགས་གྲོལ་རྗེས་ངའི་མིད་པ་འགག་ནས་ཟ་མ་ཡང་ཁྱུར་མིད་གཏོང་མི་ཐུབ་པར་གྱུར། དེའི་རྐྱེན་གྱིས་ང་རང་ཐད་ཀར་ཉལ་ཁང་དུ་ལོག་ཕྱིན་པ་ཡིན། ཉལ་ཁང་དུ་སླེབས་རྗེས་ཉལ་སར་ཉལ། དེ་དུས་ང་ཚོའི་ཉལ་ཁང་ཏག་ཏག་རྡོ་སྐས་འཕྱག་རེས་ཁེལ་འདུག་པས། ཉལ་གྲོགས་གཞན་དག་ཚོས“ཁྱོད་ཉོལ་སྡོད། གད་ང་ཚོས་ཕྱགས་ཆོག་”ཟེར། ང་རང་ཉལ་ནས་ཅུང་ཙམ་ཕྱིན་པ་དང་འཛིན་བདག་ཀྱང་སླེབས་འདུག ཁོང་གིས་ང་ལ“ཚེ་རིང་ལྷ་སྐྱིད། ཚེ་རིང་ལྷ་སྐྱིད”ཅེས་བོས་པས། ངས་དཔྱི་མགོ་ཡར་བཀྱགས་ནས་ཙོག་ཙོག་གིས་རྒན་ལགས་ལ་ཨ་ལན་སྟེར། རྒན་གྱིས“གང་ན་གི་འདུག”ཟེར་བས། ང་ཁ་གྲག་མ་ཐུབ་རུང་མགོ་ན་གི་ཡོད་པའི་བཟོ་ལྟ་བསྟན་པས། “ཁྱོད་ཀྱི་གཟུགས་པོ་ལ་ཨ་ར་མི་འདུག་གམ”ཟེར། ངས་མགོ་བོ་གཡུག་གཡུག་བྱས་པས། དེ་ནས་རྒན་ལགས་ཀྱིས་ཀྱང་མུ་མཐུད་སྐད་ཆ་དྲིས་མ་བྱུང་བས་ང་མར་ཉལ་བ་ཡིན། སློབ་གྲོགས་བུ་མོ་གཅིག་གིས་མོས་བླངས་པའི་སྨན་ལས་ང་ལ་ཁ་ཤས་ཤིག་སྤྲད་བྱུང་།

ཕྱི་ཉིན་ཞོགས་ཚོགས་གྲོལ་རྗེས་ང་ཚོ་སྡོད་ས་བརྗེ་རྒྱུ་ཁེལ་བས། སྔོན་ལ་སྡོད་ས་བརྗེས་པ་དང་དེ་ནས་ང་སྒྲོག་ཙེའི་ཐོག་བསྙེས་ནས་ཉལ་བསྡད་པས་འཛིན་བདག་སླེབས་འདུག “ཁྱོད་ཁྱིམ་བདག་ལ་ཁ་པར་བརྒྱབ་ནས་སྨན་སྐྱེལ་ཤོག་ལབ་རྒྱུ་ཡིན་ནམ་ཡང་ན་དགོངས་པ་ཞུས་ཏེ་སྨན་བསྟེན་པར་འགྲོ་རྒྱུ་ཡིན”ཟེར་ནས་འདེམ་ཀ་བྱས་པ་དང་། དེ་ནས་མུ་མཐུད་དེ“གལ་ཏེ་ཁྱོད་ཀྱིས་ཁ་པར་བརྒྱབ་ན་ཁོང་ཚོར་སྐད་ཆ་ཤོད་ཐུབ་པ་འདུག་གམ”ཟེར་བས། ངས་མགོ་བོ་གཡུག་གཡུག་བྱས་ཏེ་ཁ་གྲག་མི་ཐུབ་པའི་བརྡ་བསྟན་པ་ཡིན། རྒན་ལགས་ཁོང་ཁ་པར་ཁྱེར་ནས་སྒོ་ཐོན་སོང་།

སློབ་ཚན་གཉིས་པ་འཚོག་དུས་དགེ་རྒན་མི་འདུག སློབ་གྲོགས་ཚོས་བཤད་པ་ལྟར་ན། རྒན་ལགས་ཚོགས་འདུ་ཞིག་ལ་ཕྱིན་པ་རེད་ཟེར། སླར་ཡང་འཛིན་བདག་སྒོ་ནས་འཛུལ་བྱུང་། ཐད་ཀར་ངའི་འཁྲིས་སུ་ཡོང་ནས“ཁྱིམ་བདག་སློབ་གྲྭའི་རྒྱལ་སྒོའི་འགྲམ་དུ་སླེབས་ཡོད་ཟེར”ཞེས་བཤད་པ་དང་། བསོད་ནམས་ཉི་ཤར་དང་ཚེ་རིང་སྐྱིད་མོ་ཡང་ཆམས་པ་ལྕི་མོ་ཞིག་ཕོག་ཡོད་པས་ཁོང་གཉིས་མར་དོན་ཤོག་ཅེས་སྐད་བཏང་སོང་། སློབ་ཁང་གི་སྒོ་ལས་ཐོན་པ་དང་རྒན་ལགས་ཀྱི་མོ་ཊ་སྒོ་ཁར་བཞག་འདུག ཁོང་གིས་ང་ལ“ཁྱོད་རྒྱལ་སྒོའི་མཚམས་བར་རྐང་ཐང་འགྲོ་རྒྱུ་ཡིན་ནམ་ཡང་ན་ང་ཚོ་མཉམ་དུ་མོ་ཊར་བསྡད་དེ་འགྲོ་གི་ཡིན”ཟེར། ངས་ཅི་ཡང་མ་བཤད་པས། “འགྲོ། ང་ཚོ་མཉམ་དུ་འགྲོ”ཟེར། མོ་ཊར་བསྡད་རྗེས་རྒན་ལགས་ཀྱིས་ང་ལ“ཁྱོད་ཀྱི་ཨ་ཕ་དུས་རྒྱུན་གང་དུ་སྡོད་ཀྱི་ཡོད”ཅེས་དྲིས་པས། ངས་ག་ལེར་ལན་བཏབ་པ་ཡིན་མོད། རྒན་ལགས་ཀྱིས་གསལ་པོ་ཞིག་གོ་མ་སོང་།

རྒྱལ་སྒོའི་འགྲམ་དུ་སླེབས་པ་དང་ང་བསུ་མཁན་ཨ་ཕ་སླེབས་འདུག་པས། མོ་ཊ་ལས་བབས་ཏེ་ཨ་ཕའི་འཁྲིས་སུ་ཕྱིན་པ་དང་། ལས་རེས་ཁང་ལས་དགོངས་ཞུའི་ཡི་གེ་ཞིག་བླངས་རྗེས་ང་ཚོའི་ཤང་གི་སྒོ་བསྟེན་ཁང་ཞིག་ལ་སྨན་བསྟེན་པར་བསྐྱོད། ངེད་གཉིས་དེ་གར་སླེབས་སྐབས་འཛིན་བདག་འཕྲད་འདུག་ལ། སློབ་མ་གཞན་གཉིས་པོ་དེ་ཡང་དེ་གར་འདུག ང་ཚོ་ཚང་མ་སྨན་ཁབ་རྒྱག་རྒྱུ་གཏན་ཁེལ་བྱུང་བས། རྒན་ལགས་ཀྱིས་སློབ་མ་གཞན་གཉིས་པོ་དེའི་སྨན་རིན་སྤྲད་རྗེས་བྲེལ་བ་ཡོད་ཅེས་སློབ་གྲྭར་ལོག་པ་དང་། སློབ་མ་གཉིས་པོ་དེ་སྨན་ཁབ་བརྒྱབ་ཚར་རྗེས་རྒན་ལགས་ཀྱིས་མངགས་བཅོལ་བཞིན་ཨ་ཕས་སློབ་གྲྭར་སྐྱེལ་རོགས་བྱས། ང་ནི་མིད་པ་མ་དྲག་པས་དགོངས་པ་ཞུས་ཏེ་ཉིན་མང་པོ་ཞིག་སྨན་ཁབ་རྒྱག་དགོས་ཁེལ་མོད་ཀྱང་ཁོ་གཉིས་ནི་སྐྱོན་དེ་ཙམ་མ་བྱུང་བ་འདྲ།

ང་རང་ནམ་རྒྱུན་སློབ་གྲྭ་ནས་དགོངས་པ་ཞུ་བ་ཉུང་ཉུང་ཡིན་མོད། ད་ཐེངས་ཆམས་ནད་དམ་མིད་པ་མི་བདེ་བའི་རྐྱེན་གྱིས་དགོངས་པ་ཞུ་དགོས་བྱུང་། མ་གཞི་ད་ལྟ་སློབ་གྲྭ་རུ་ལོག་ཟིན་མོད། མིད་པ་ད་དུང་ཡག་པོ་དྲག་མི་འདུག ངས་གཞི་ནས་ན་ཟུག་མེད་པའི་བདེ་བ་ནི་ཅི་འདྲའི་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་པ་རྟོགས་སོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明