西藏青年报藏文版ཕྱོགས་བསྡུས། བོད་ལྗོངས་ལེགས་རྩེའི་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། ལྗོངས་ཡོངས་ཀྱི་མཐོ་སློབ་གཞོན་ནུ་གཞས་པའི་འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་སྐབས་གཉིས་པ་ལྷ་སར་འཚོགས་པ།

放大 缩小 默认

བོད་ལྗོངས་ལེགས་རྩེའི་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཉེ་ཆར་བོད་ལྗོངས་ལེགས་རྩེའི་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“ཁྲིམས་ལུགས་ཀྱི་རྩོམ་ཞུས་བྱེད་པའི་གངས་ལྗོངས་མཐའ་མཚམས·ཞི་མཐུན་གྱི་སྤྲིན་ཐོག་རྒྱལ་སྒོ་སྐྲུན་པའི”ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སྤུས་རྟགས་ལ་བརྟེན་ནས། གཏིང་ཟབ་ཀྱིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཁྲོད་ལེགས་རྩེའི་མཐའ་མཚམས་ཞིབ་དཔྱོད་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་ཁོངས་གཏོགས་ཁུལ་གྱི་མཐའ་མཚམས་ཚོང་དོན་ཁྲོམ་ར། ཚོང་ར་དང་སྒོ་རྩིས་ཚོང་ཁང་། སློབ་གྲྭ་སོགས་སུ་བསྐྱོད་དེ་དྲིལ་བསྒྲགས་འཕྲེད་སྦྱར་སྦྱར་ཡིག་བཀལ་བ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། བརྗོད་དོན་གཙོ་བོའི་རྒྱ་ཁྱབ་བརྡ་སྦྱོར་སྦྱར་བ། ས་གནས་ས་ཐོག་ཏུ་ཁྲིམས་ལུགས་ཁྱབ་གདལ་འགྲེལ་བཤད་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཚོང་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་དང་དེ་བཞིན་སློབ་གྲྭར་ཡོད་པའི་དགེ་སློབ་བཅས་ལ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ལྟེ་བའི་དོན་སྙིང་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་གསང་བ་སྲུང་བའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ། རྒྱལ་ཁབ་བདེ་འཇགས་ཀྱི་དོན་སྙིང་གཙོ་གནད། སྤྱི་དམངས་ཀྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཀྱི་ཁེ་དབང་དང་འོས་འགན་བཅས་ཕྱོགས་ཀྱི་ནང་དོན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

མཐའ་མཚམས་ས་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་མི་དམངས་ཉེན་རྟོག་པས་དཔེ་མཚོན་གྱོད་དཔེར་བརྟེན་ནས་གོ་སླ་བའི་སྐད་ཆའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྣ་ཚོགས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་མཇུག་འབྲས་ལ་དབྱེ་ཞིབ་བྱས་ཏེ། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་རང་འགུལ་ངང་བཀག་འགོག་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ནང་རང་འགུལ་ངང་ཞུགས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མི་སེམས་ལ་གཏིང་ཟབ་ཏུ་ཟུག་པར་བྱེད་རྒྱུ་ཡིན་པ་རེད།

སློབ་གྲྭའི་སྒོ་རའི་ས་གནས་ས་ཐོག་ཏུ་མི་དམངས་ཉེན་རྟོག་པས“རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པ·རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་དམག་ཆུང་ཆུང་ཞིག་བརྩོན་ལེན་བྱེད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། སློབ་མར་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞིའི་རྒྱུན་ཤེས་སྒྲོག་འགྲེལ་བྱས་པ་དང་སྤྲོ་སྣང་གི་གཏིང་ཟབ་པའི་རྣམ་པའི་སློབ་ཁྲིད་བྱས་ཏེ་སློབ་མ་ཚོར་གསོན་ཉམས་དོད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་སྒོ་འབྱེད་པའི་སློབ་ཚན་འཁྲིད་པ་རེད། ལེགས་རྩེའ་གྲོང་རྡལ་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་ཡེ་ཤེས་དབང་མོ་ཡིས“སློབ་ཚན་འདིར་དོན་སྙིང་ཆེན་པོ་འདུག ངས་ཉེ་འགྲམ་གྱི་བྱ་བ་ཆུང་ཆུང་ནས་འགོ་བཙུགས་ཏེ་སློབ་སྦྱོང་ཡག་པོ་བྱས་པ་དང་རྒྱལ་ཁབ་ལ་གཅེས་སྐྱོང་བྱས་ནས་ཚད་ལྡན་གྱི་སྲུང་དམག་ཆུང་ཆུང་ཞིག་བྱེད་དགོས་པ་ཤེས་བྱུང་”ཞེས་བཤད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明