西藏青年报藏文版གལ་ཆེའི་གསར་འགྱུར། 2026ལོའི་བོད་ཀྱི་གཞོན་ནུ་ལོ་ཆུང་བརྒྱ་ཡི་དམག་དོན་རུབ་འཛོམས་སྦྱོང་བརྡར་སྒར་ལྷ་སར་གཉེར་བ། ལྷ་སའི་ཁྱིམ་བདག་བློ་བདེ་པོ་བྱུང་། གཟའ་མཇུག་ལ་ཕྲུ་གུར་ལྟ་སྐྱོང་དང་སྦྱོང་ཚན་ཟུར་ཁྲིད་བྱེད་པའི་བྱེད་སྒོ་འདི་ངོ་མ་དངོས་སྤྱོད་ཐོབ། 2026ལོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བོད་ཀྱི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་གི་འགྲེལ་བཤད་པའི་གདན་ཞུའི་མཛད་སྒོ་འཚོགས་པ།

放大 缩小 默认

2026ལོའི་བོད་ཀྱི་གཞོན་ནུ་ལོ་ཆུང་བརྒྱ་ཡི་དམག་དོན་རུབ་འཛོམས་སྦྱོང་བརྡར་སྒར་ལྷ་སར་གཉེར་བ།

ལྷ་ས་གྲོང་ཁྱེར་མཐོ་འབྲིང་གཉིས་པའི་ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོའི་སློབ་མ་པདྨ་ཚེ་སྐྱིད་ཀྱིས་ལུས་པོ་འདྲོང་པོར་བསྒྲངས་ཏེ་“སྙན་སེང་ཞུ། རུ་ཁག་ནང་ཞུགས་པའི་ཆོག་མཆན་ཞུ།”ཞེས་བཤད་ནས་རུ་ཁག་ནང་ཞུགས། སློབ་མ་དེས་ད་གིན་མེ་ཤུགས་འཕུར་མདའི་དོང་དེ་བརྟན་པོའི་ངང་ཁུར་ནས་དམིགས་འབེན་ལ་དམིགས་པ་དང་ལད་ཟློས་འཕེན་གཏོང་བྱས་ཏེ་ཚོད་ལྟའི་འཕེན་གཏོང་གི་བྱ་སྤྱོད་ཆ་ཚང་ལེགས་གྲུབ་བྱས་པ་རེད།

ཉེ་ཆར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་སྒྲུབ་འགན་འཁུར་བའི་“རྒྱལ་སྲུང་གི་འདུ་ཤེས་བརྟན་པོ་བཙུགས་ནས་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་བརྩོན་ལེན་བྱེད་”ཅེས་པའི་2026ལོའི་བོད་ལྗོངས་གཞོན་ནུ་ལོ་ཆུང་བརྒྱ་ཡི་དམག་དོན་རུབ་འཛོམས་སྦྱོང་བརྡར་སྒར་ལྷ་སར་གཉེར་བས། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་100ཡིས་དམག་དོན་སྦྱོང་བརྡར་ཁྲོད་དངོས་འཐབ་རྩལ་ནུས་ཡག་པོ་སྟོན་ནས་རྒྱལ་གཅེས་མཐའ་སྲུང་གི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རུབ་འཛོམས་སྦྱོང་བརྡར་ནི་བོད་ལྗོངས་ཀྱི་སྐབས་གཉིས་པའི་གཞོན་ནུ་ལོ་ཆུང་བརྒྱ་ཡི་དམག་དོན་རུ་འཛོམས་སྦྱོང་བརྡར་གྱི་བྱེད་སྒོ་ཞིག་ཡིན་པ་དང་། རུབ་འཛོམས་སྦྱོང་བརྡར་སྒར་ནང་ཞུགས་མཁན་སློབ་མ་100གཙོ་བོ་ལྷ་ས་གྲོང་ཁྱེར་མཐོ་འབྲིང་གཉིས་པ་དང་ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་ནས་ཡིན་པ་དང་དེའི་ནང་མཐའ་མཚམས་ས་ཁུལ་གྱི་བུ་ཕྲུག་བསྡུར་ཚད་50%ཟིན་ཡོད་པ་རེད།

དུས་ཡུན་ཉིན་དྲུག་གི་བྱེད་སྒོ་དེའི་བརྒྱུད་རིམ་ཧྲིལ་པོར་དམག་དོན་ཅན་གྱི་རྣམ་པའི་དོ་དམ་ནན་པོ་དང་། དམག་མི་ཚོས་རྨང་གཞིའི་དམག་དོན་རྩལ་ནུས་སྦྱོང་བརྡར་དང་རྒྱལ་སྲུང་ཤེས་བྱའི་ཆེད་དོན་འཆད་ཁྲིད། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སློབ་གསོ། ཕྱི་རོལ་གྱི་བདེ་འཇགས་ལག་ལེན་དང་ཚོགས་པའི་བྱང་ཚད་ཆེ་རུ་གཏོང་བ་སོགས་སྣ་མང་ཅན་གྱི་སློབ་ཚན་ནང་རུ་སྒྲིག་སྟངས་དང་། དམག་མིའི་ལུས་རྩལ་དྲག་རྩལ། གཡུལ་སའི་མྱུར་སྐྱོབ། ལད་ཟློས་ཀྱིས་མེ་མདའ་བཀོལ་སྤྱོད། དམག་མིའི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱེད་པ། དམག་གླུ་ལེན་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་བརྒྱུད་རིམ་ཡང་ཚུད་ཡོད་པ་རེད།

“རང་ཉིད་ཀྱིས་ཚོད་ལྟའི་འཕུར་མདའི་དོང་ཕྲག་སྟེང་དུ་ལྗིད་ཏིག་ཏིག་ངང་འཁུར་སྐབས་འདི་ནི་སྒྲིག་ཆས་ཙམ་མ་ཡིན་པར་ཁྱིམ་སྲུང་རྒྱལ་སྲུང་གི་འགན་འཁྲི་ཞིག་ཡིན་པའི་ཚོར་སྣང་བྱུང་།”པདྨ་ཚེ་སྐྱིད་ཀྱིས་སྦྱོང་བརྡར་ཚར་རྗེས་སེམས་འགུལ་ཐེབས་པའི་ངང་ད་ཐེངས་ཀྱི་དམིགས་བསལ་ཉམས་ལེན་བྱས་པ་དེས་“བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་མཁན་”ཞེས་པའི་སྐད་ཆ་དེའི་ལྗིད་ཚད་དེ་བས་གསལ་པོར་ཤེས་རྟོགས་བྱུང་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明