西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མི་ཚེའི་གཏན་གྲོགས་བཟང་པོ། ༄༅། །ཞོགས་པ། ༄༅། །དཔྱིད་ཀྱི་དཔལ་ཡོན་བཞད་བྱུང་། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་ཏེ་དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་དགོས།

放大 缩小 默认

༄༅། །ཞོགས་པ།

□ 作者 བསོད་ནམས་དབྱངས་སྐྱིད།

ཞོཊ་པས་མི་རྣམས་ལ་རེ་འདུན་དང་འོད་ཟེར་སྦྱིན་ལ། ཞོགས་པས་ས་གཞི་ལ་སྐྱེ་སྟོབས་དང་མཛེས་སྡུག་སྦྱིན་པས། ཉིན་གཅིག་གི་ཆེས་རྩ་ཆེ་བའི་དུས་ཚོད་ནི་ཞོགས་པ་ཡིན་ལ། ཆེས་གཅེས་སུ་འོས་པའང་ཞོགས་པ་ཡིན།

དེ་རིང་གཟའ་མཇུག་ཏུ་ང་རང་སྔ་མོར་མལ་ལས་ལངས། ཤེལ་སྒོ་ཕྱེ་ནས་ཞོགས་པའི་རྣམ་པ་ལ་ལྟ་དུས་ཁ་བ་ཕྲན་ཙམ་བབས་འདུག ལྷིང་འཇགས་ཀྱི་ཉལ་ཁང་འོག་ཏུ་སློབ་གྲོགས་ཁ་ཤས་ཀྱིས་ལག་ཏུ་དཔེ་ཆ་བཟུང་ནས་བློ་སེམས་རྩེ་གཅིག་གིས་སློབ་ཚན་བློ་ལ་འཛིན་བཞིན་མཆིས། དཔེ་ཀློག་གི་སྒྲ་དེ་ཞོགས་པའི་དྭངས་གཙང་གི་མཁའ་དབུགས་སུ་བསྟིམས་ནས་ཉལ་ཁང་གི་བར་མཐོངས་ཀུན་ཏུ་ཁྱབ། ང་དང་ངའི་གྲོགས་མོ་ཁ་ངོ་བཀྲུས་ཚར་ནས་ཟ་ཁང་དུ་འགྲོ་སྐབས། ལ་ལ་ནི་ད་དུང་མལ་ལས་ལངས་མི་འདུག་ལ། ལ་ལས་ལག་ཏུ་དཔེ་ཆ་བཟུང་ནས་ངག་སྐྱོར་གཏོང་གི་འདུག ཡང་འགའ་རེས་གྱོན་ཆས་བརྗེས་ནས་སློབ་གྲྭའི་ཕྱིར་འགྲོ འགའ་རེ་ནི་ཞོགས་ཟས་ཟ་རུ་འགྲོ་བཞིན་འདུག དེ་ནས་ཟ་མ་བཟས་ཚར་རྗེས་ངེད་གཉིས་སློབ་གྲྭའི་ཕྱིར་ཐོན་གྲབས་བྱས། དེ་དུས་གནམ་འཐིབས་ནས་ཉི་མ་ཤར་ཡོད་མེད་ཀྱང་མི་ཤེས། ཡིན་ཡང་ངེད་གཉིས་སློབ་གྲྭའི་ཕྱི་ལ་སོང་བ་ཡིན། ཕྱི་རོལ་ནི་ལྷིང་འཇགས་སུ་གནས་འདུག དུས་ཡུན་རིང་པོ་མ་སོང་བར་རླངས་འཁོར་གྱི་དུང་བརྡ་རེ་རེ་ལམ་ཕྲན་ནས་གཞུང་ལམ་ཕྱོགས་སུ་གྲགས་འོང་ལ། སྒྲ་མང་པོ་ཐོས་འཛིན་གྱི་བུ་གར་ཐོས་བྱུང་། ད་དུང་མི་ཚོཊ་འགྲོ་འོང་བྱེད་པའི་སྒྲ་མང་པོ་ཡང་ཐོས་བྱུང་། ལས་ཀར་འགྲོ་མཁན་གྱི་ལས་བྱེད་པ་དང་། བཟོ་པ། ཚོང་པ་སོགས་ཀྱིས་ལམ་ཡོངས་སུ་ཁེངས་ཤིང་། ཁོ་ཚོའི་བརྩོན་སེམས་དང་བྲེལ་མྱུར་ལ་བལྟས་ན་མི་དམངས་ཀྱི་མ་འོངས་པའི་མདུན་ལམ་མཐོང་ཐུབ། དེ་ལས་ང་ལ་འབད་བརྩོན་ལྷོད་མེད་ཀྱིས་རིག་གནས་ཤེས་བྱ་སྦྱོང་བའི་འདུན་པའང་སྐྱེས་བྱུང་ལ། ཞོགས་པའི་དུས་འདིར་མི་མང་པོས་གཞན་ལ་མཛེས་སྡུག་དང་དྲོད་ཁོལ་སྦྱིན་པའི་ལས་ལ་འབད་བཞིན་ཡོད་པའང་ཚོར་བྱུང་།

ཞོགས་པའི་དུས་ཡུན་ནི་དེ་འདྲའི་རིང་པོ་ཞིག་མིན་ཡང་། ཡུན་ཐུང་གི་ཞོགས་པ་འདིས་མི་རྣམས་ལ་རེ་འདུན་དང་འོད་ཟེར་སྦྱིན་པ་དང་། ས་གཞི་ལ་སྐྱེ་སྟོབས་དང་གསོན་ཤུགས་སྦྱིན་པ་མ་ཟད། སྤྱི་ཚོགས་ལ་ཡར་རྒྱས་གོང་འཕེལ་གྱི་གོ་སྐབས་ཀྱང་སྦྱིན་པས། ང་རང་ཞོགས་པར་ཧ་ཅང་དགའ།

ཞོགས་པ་ལགས། ཁྱེད་ནི་ཉིན་གཅིག་གི་ཆེས་རྩ་ཆེ་བའི་དུས་ཚོད་ཡིན་ལ། ཉིན་གཅིག་གི་ཆེས་གཅེས་སུ་འོས་པའི་དུས་ཚོད་ཀྱང་ཡིན་པས། ང་རང་ཁྱེད་ལ་དགའ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明