西藏青年报藏文版གལ་ཆེའི་གསར་འགྱུར། དམངས་ཡོངས་ཀྱི་ལྟ་ཀློག་ལ་སྐུལ་འདེད་བཏང་སྟེ་རིག་དཔལ་དར་བའི་སྤྱི་ཚོགས་སྐྲུན་དགོས། ལུས་རྩལ་འགྲན་རར་དཔའ་རྩལ་ངོམས། དམངས་ཀྱི་སྤྲོ་བ་རབ་ཏུ་འཕེལ།

放大 缩小 默认

ལུས་རྩལ་འགྲན་རར་དཔའ་རྩལ་ངོམས། དམངས་ཀྱི་སྤྲོ་བ་རབ་ཏུ་འཕེལ།

འདི་ནི་འགྲན་ཞུགས་བདམས་ཐོན་པས་ཐག་པ་འཐེན་བཞིན་པ།

འདི་ནི་སྐྱེས་པའི་ཚོགས་ཆུང་གི་སྨི་100ཡི་ཐུང་རྒྱུག་འགྲན་བསྡུར་རྣམ་གྲངས་ནང་འགྲན་ཞུགས་བདམས་ཐོན་པས་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱེད་བཞིན་པ།

ཉེ་ཆར། “མཚར་སྡུག་བཀྲ་བའི་ཟངས་རི·མཛེས་སྡུག་ལྡན་པའི་གྲོང་གསེབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་ཤིང་། ཞིང་འབྲོག་མང་ཚོགས་ཀྱི་བདམས་ཐོན་པ་204ཡིས་ལུས་རྩལ་ཐང་དུ་དཔའ་ངར་ཆེན་པོས་རྡོ་འགྱོགས་པ་དང་། རྡོ་སྒོར་རྒྱག་པ། གཉའ་རྩལ་འགྲན་པ། མདའ་འཕེན་པ་སོགས་སྲོལ་རྒྱུན་གྱི་ལུས་རྩལ་དང་རྩལ་འགྲན་རྣམ་གྲངས་ཁག་ནང་ཧུར་ཐག་ཞུགས་ནས་ཕན་ཚུན་སྤེལ་རེས་དང་མཐུན་སྒྲིལ་འབད་འཐབ་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明