西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འཁྲུངས་སྐར་ལ་ཕུལ་བའི་ལེགས་སྐྱེས། ༄༅། །ཨ་མ།

放大 缩小 默认

༄༅། །ཨ་མ།

□ 作者 གོ་སྦྲུལ་ཞགས།

འབྱམས་ཀླས་པའི་ནམ་མཁའི་མཐའ་བློ་ཡིས་དཔོག་དཀའ་ནའང་། ཨ་མ་ཁྱེད་ཀྱི་བརྩེ་བའི་དཔེ་ལ་ནམ་མཁའ་བཀོད་ཀྱང་ཆུང་བར་སྣང་ཞིང་། གཙང་པོའི་བཞུར་རྒྱུན་ནི་ཆད་པ་མི་སྲིད་པའི་ཚད་དུ་འཇོག་ནའང་། ཨ་མ་ཁྱེད་ཀྱི་ཕྱི་ཐག་དང་ཁྲེལ་གཞུང་ནི་གཙང་པོའི་རྒྱུན་གྱིས་འགྲན་ཟླར་མི་འོང་།

ཁ་བའི་འདབ་མ་ནི་དཀར་པོ་དཀར་རྐྱང་ཡིན་ལ་རླུང་ལྟར་གྲགས་ནའང་། ཨ་མ་ཁྱེད་ཀྱི་ལྷག་བསམ་ནི་ཁ་བའི་འདབ་མ་ལྡབ་བརྒྱ་བརྩེགས་ཀྱང་མཚོན་པར་མི་ནུས་ཤིང་། ཉི་མའི་དྲོད་ཁོལ་ལས་ཚ་བའི་དཔེ་ཞིག་སྲིད་དུ་མི་རྙེད་ནའང་། ཨ་མ་ཁྱེད་ཀྱི་བྱམས་བརྩེའི་དྲོ་སྐྱིད་ནི་ཉི་མའི་དྲོད་ལས་ཚ་བ་ང་ཡིས་སྨྲ་བར་སྤོབས།

མུ་མཐའ་མེད་པའི་རྩྭ་ཐང་གི་ཁ་ཞེང་མིག་འོག་ཏུ་བསྡུ་ཐབས་བྲལ་ཡང་། ཨ་མ་ཁྱེད་ཀྱི་ཁོག་རྒྱ་ནི་རྩྭ་ཐང་གི་ཁ་ཞེང་ལས་ཀྱང་ཡངས་ཤིང་། དཔྱིད་རླུང་འཇམ་པོའི་བསིལ་ཟེར་གྱི་རེག་བྱ་ནི་བརྗོད་དུ་མེད་པའི་བདེ་ཚོར་ཞིག་ཡིན་པར་སྨྲ་ཡང་། ཨ་མ་ཁྱེད་ཀྱི་ཕྱག་ཟུང་གི་བྱིལ་བྱིལ་ནི་བསིལ་རླུང་འཇམ་པོའི་རེག་བྱ་དང་བསྡུར་ཐབས་ཡེ་ནས་མེད་དོ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明