西藏青年报藏文版གལ་ཆེའི་གསར་འགྱུར། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་བཞུཌ་མོལ་ཚོགས་འདུ་འཚོགས་པ། གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ལྷན་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་འགོ་ཚུཌ་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པར་བདམས་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ།

放大 缩小 默认

གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ལྷན་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

ཟླ་3ཚེས་25ཉིན་གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ལྷན་གྱིས་གཞོན་ནུའི་འཆད་ཁྲིད་དགེ་རྒན་ཚོགས་པར་བརྟེན་ནས་ས་ཁུལ་ཡོངས་ཀྱི་གཞོན་ནུའི་སྡེ་ཚོགས་ཚོགས་མི་78ལ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་གཞོན་ནུའི་སྡེ་ཚོགས་ཚོགས་མི་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

སྒྲོག་འགྲེལ་བྱེད་རིང་མངའ་རིས་ས་ཁུལ་ཨུ་ལྷན་གྱི་ཏང་གི་སློབ་གྲྭའི(ས་ཁུལ་སྲིད་འཛིན་སློབ་གྲྭ)འཆད་ཁྲིད་དགེ་རྒན་ལི་གོ་པིན་གྱིས“བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་འགྲོ་ངེས་རེད”“དམངས་གཙོའི་བཅོས་སྒྱུར་གྱིས་བོད་ལྗོངས་མི་ཡུལ་དུ་འགྱུར་རྒྱུ”“དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་67རིང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་”“འབད་བརྩོན་ཆེན་པོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་རྒྱུ”བཅས་ཕྱོགས་བཞིར་དམིགས་ནས་བོད་གསར་རྙིང་གི་སྤྱི་ཚོགས་འཕོ་འགྱུར་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས། མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་བཅས་བསྡུར་བ་བྱས་ཏེ་གཞོན་ནུའི་སྡེ་ཚོགས་ཚོགས་མི་ལ་སྣེ་ཁྲིད་བྱས་ཏེ་བོད་ལྗོངས་མུན་ནག་ནས་འོད་སྟོང་འཕྲོ་བའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་མིག་བལྟས་ཤིང་། ཁོང་གིས་ལོ་རྒྱུས་ཀྱི་དོན་དངོས་གསོན་པ་དང་གྲངས་གཞི་ཞིབ་ཕྲ་ལ་བརྟེན་ནས་དམངས་གཙོའི་བཅོས་སྒྱུར་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞིག་ཡིན་ཞེས་གསལ་བཤད་གནང་བ་དང་། “ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་”ཅེས་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་གསལ་སྟོན་གཏིང་ཟབ་གནང་བ་རེད།

“བོད་རྙིང་པ་ནི་ཞིང་བྲན་གྱི་དམྱལ་ཁམས་ཡིན་པ་དང་། བོད་གསར་པ་ནི་ང་ཚོའི་བདེ་སྐྱིད་འཚོ་བའི་ཁྱིམ་གཞིས་ཡིན”ཞེས་སྒྲོག་འགྲེལ་ཉན་རྗེས། གཞོན་ནུའི་སྡེ་ཚོགས་ཚོགས་མི་ཚོས་ལོ་རྒྱུས་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཏང་བློ་བདེ་པོ་གནང་དང་། སྟོབས་ལྡན་རྒྱལ་ཁབ་ལ་ང་ཡོད”ཅེས་པའི་ལང་ཚོའི་དམ་བཅའ་ལག་ལེན་བསྟར་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་གཞོན་ནུའི་འཆད་ཁྲིད་དགེ་རྒན་ཚོགས་པའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་གཞོན་ནུའི་བསམ་བློའི་སྣེ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་བྱས་ནས“གཞོན་ནུས་གཞོན་ནུ་ཚོར་འཆད་ཁྲིད་བྱེད་པ་དང་གཞོན་ནུས་གཞོན་ནུ་ཚོར་སློབ་སྦྱོང་བྱ་རྒྱུར་སྐུལ་ཁྲིད་བྱེད་པའི”རྣམ་པའི་ཐོག་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དེ་བས་ཚད་ལྡན་པ་དང་། དེ་བས་གསོན་ཤུགས་ལྡན་པ། དེ་བས་དྲོད་ཁོལ་ལྡན་པ་བཅས་ལ་སྐུལ་འདེད་བཏང་ནས་རྒྱ་ཆེའི་གཞོན་ནུའི་སྡེ་ཚོགས་ཚོགས་མི་ཚོར་དཔའ་ངར་སྐྱེས་པའི་ཉམས་འགྱུར་ཐོག་ནས་གངས་ལྗོངས་ས་མཐོའི“ནུབ་རྒྱུད་ཀྱི་མུ་ཏིག”འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ནང་ཚ་ཚ་འུར་འུར་ཁྲོད་ལང་ཚོའི་འོད་ཟེར་གྱི་ཁ་ཕྱོགས་དགོས།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明