西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དུས་ཚོད་ཀྱི་རིན་ཐང་། ༄༅། །བཀའ་དྲིན་ཆེ་བའི་དགེ་རྒན། རྒྱལ་ཁབ་ཀྱི་སྒོ་སྲུང་བ་“རྒྱ་མཚོའི་སྐར་མ་”ཡི་ཟིན་ཐོ་སྟེ་མཐའ་མཚམས་སུ་གནས་པའི་“སྟོད་གོས་དམར་པོའི་”རུ་ཁག

放大 缩小 默认

རྒྱལ་ཁབ་ཀྱི་སྒོ་སྲུང་བ་“རྒྱ་མཚོའི་སྐར་མ་”ཡི་ཟིན་ཐོ་སྟེ་མཐའ་མཚམས་སུ་གནས་པའི་“སྟོད་གོས་དམར་པོའི་”རུ་ཁག

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་བཞི་སྟོང་ལྷག་ཙམ་ཡོད་པའི་གངས་ལྗོངས་མཐའ་མཚམས་སུ་གནས་པའི་སྟོད་གོས་དམར་པོ་གྱོན་པའི་མི་ཚོར་འགོག་མི་ཐུབ་པའི་དྲོད་སེམས་ལྡན་ཡོད། ཁོ་ཚོ་ནི་དཀའ་ངལ་ཁྱད་སད་བྱེད་མཁན་གྱི་མཐོ་སྒང་གི་འགག་སྒོའི་རྒྱལ་སྲུང་དམག་སྟེ་“རྒྱ་མཚོའི་སྐར་མ་”ཞེས་པའི་དང་བླངས་ཞབས་ཞུའི་རུ་ཁག་ཅིག་ཡིན། རྒྱ་མཚོའི་སྐར་མ་ལྟར་མེས་རྒྱལ་གྱི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། འགག་སྒོ་དམ་པོར་སྲུང་བའི་འགན་འཁྲི་དང་དང་བླངས་ཞབས་ཞུའི་སྙིང་སྟོབས་གཉིས་ཟུང་བྲེལ་ལེགས་པར་བྱས་ནས་དངོས་སྒྲུབ་འགན་ཁུར་སེམས་པས་ཡིད་དབང་འཕྲོག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྩེ་སེམས་ལོ་རྒྱུས་ཀྱང་བྲིས་ཡོད།

རིག་གནས་ཁྱབ་སྤེལ་འབྲེལ་ཐག་ཏུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གསེར་གྱི་ས་བོན་འདེབས་པ།

ལྷ་ས་འགག་སྒོའི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་བསྐྱོད་སྐབས། རིན་ཐང་ཆེ་བའི་པར་རིས་400 ལྷག་ཙམ་དང་འགྲེམས་སྟོན་དངོས་རྫས་300ལྷག་ཙམ་མིག་ལམ་དུ་འཆར་བའི་ཐོག་ནས་མཚོ་བོད་ས་མཐོའི་“ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་ཕྲག་ལས་བརྒལ་བའི་”འགྱུར་ལྡོག་ཆེན་པོའི་གསོན་ཉམས་མངོན་པར་བྱས།

ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོའི་ལོ་རྒྱུས་འགྲེམས་སྟོན་ཁང་དེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་། ལྗོངས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་རྟེན་གཞི་བཅས་ཀྱི་མཚན་སྙན་ཐོབ་པས་བོད་ལྗོངས་སློབ་སྦྱོང་སློབ་གསོའི་གལ་ཆེའི་“ཐོ་འགོད་ས་ཚིགས་”ཞིག་ཏུ་གྱུར་ཡོད།

མཐོ་སྒང་གི་“རྒྱ་མཚོའི་སྐར་མ་”ཞེས་པའི་དང་བླངས་ཞབས་ཞུ་རུ་ཁག་དང་ལྷ་ས་འགག་སྒོའི་ལོ་རྒྱུས་བཤམས་སྟོན་ཁང་གིས་“མཐོ་སའི་སྙིང་སྟོབས་”དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རྟེན་གཞི་གཉིས་ཟུང་འབྲེལ་བྱས་ཏེ། མི་རིགས་ཚོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་སྙིང་སྟོབས་ཀྱི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།“2025ལོ་ཧྲིལ་པོར་ས་ཁུལ་ཕྱི་ནང་གི་སྡེ་ཚན་71ལ་སྣེ་ལེན་ཞུས་པ་དང་ལྟ་སྐོར་བྱེད་མཁན་མི་གྲངས་༡༠༠༠ལྷག་ཙམ་ཟིན་ཡོད།”ཅེས་ན་གཞོན་འགྲེལ་བཤད་པ་རྒྱ་གཡུང་ལྷ་མཚོ་ཡིས་བཤད།

དམངས་ཕན་དཀའ་སེལ་གྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་བཏིང་བ།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4772ཡོད་པའི་ལེགས་རྩེ་འགག་སྒོར་གྲང་རླུང་འུར་འུར་དུ་ལྡང་ཞིང་གསོ་རླུང་དཀོན་ཡང་། མཐོ་སྒང་གི་“མཚོ་སྐར་”ཞེས་པའི་དང་བླངས་ཞབས་ཞུ་རུ་ཁག་གི་སྙིང་སྟོབས་ནམ་ཡང་མི་ཉམས་པར་ཁོང་ཚོས་གྲང་ངར་ཆེ་བའི་རླུང་འཚུབ་ལ་མ་འཛེམས་པར་གྲོང་ཚོའི་ཁྱིམ་ཚང་ཁག་ཏུ་བསྐྱོད་དེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་དམངས་ཕན་སྲིད་ཇུས་དུད་ཚང་ཁྲི་སྟོང་མང་པོར་ཐད་ཀར་ཁྱབ་བསྒྲགས་བྱས་ཡོད།

སེམས་ཁུར་གྱིས་ཟམ་པ་བསྐྲུན་ཏེ་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་མེ་ཏོག་གསོ་སྐྱོང་བྱས་པ།

ལྷ་ས་འགག་སྒོས་ཏང་ཡོན་གྱི་འབྱོར་ཐོ་གཉིས་འགོད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་སེལ་རྒྱུར་དམིགས་ནས། གྲོང་ཚོ་ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་ཧུར་ཐག་སྦྲེལ་མཐུད་དང་ཁོངས་གཏོགས་སྡེ་ཁུལ་དུ་སྟོན་དུས་སློབ་སྐྱོར་སོགས་གཅེས་སྐྱོང་བྱ་སྤྱོད་སྤེལ་ནས། རྒན་རྒོན་ཁེར་རྐྱང་དང་། གཞིས་ལུས་བྱིས་པ། དཀའ་ངལ་ཡོད་པའི་མང་ཚོགས། དབང་པོ་སྐྱོན་ཅན་སོགས་ལ་རོགས་སྐྱོར་བྱས་ཡོད།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ས་ལེ་ཤང་མཐའ་མཚམས་གྲོང་ཚོར་རུ་མི་ཚོ་ཨ་མ་རྒན་པོའི་ཁྱིམ་དུ་རུ་མི་ཚོས་འཚམས་འདྲིའི་དངོས་རྫས་འཁྱེར་ནས་ལྟ་བར་ཡོང་དུས། ཨ་མ་རྒན་མོས་“ཕྲུ་གུ་ཁྱོད་ཚོ་ཡང་ང་ལ་ལྟ་བར་ཡོང་གི་ཡོད་དམ་”ཅེས་རུ་མི་ཚོའི་ལག་པར་འཇུས་ནས་ཕན་ཚུན་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོ་ནས་བཟུང་ཞབས་ཞུ་རུ་ཁག་གིས་ཞབས་ཞུའི་རིགས་སྣ་ཚོགས་ཐེངས་90ལྷག་ཙམ་སྤེལ་བ་དང་། ཉེ་བའི་ལོ་ཤས་རིང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་8ལྷག་ཙམ་བཏང་ནས་སློབ་ཆས་སོགས་གཅེས་སེམས་དངོས་རྫས་5000ལྷག་ཙམ་སྤྲད་དེ། བརྩེ་སེམས་ལ་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དངོས་སྒྲུབ་ལ་བརྟེན་ནས་མི་སེམས་གཅིག་ཏུ་བསྒྲིལ་བ་བྱས་ཡོད།

སྐྱེ་ཁམས་ཤེས་དཔལ་གཞི་རྟེན་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་རི་མོ་གསར་པ་མཉམ་དུ་འབྲི་བ།

ཟླ་3པར་མཐོ་སྒང་དུ་ལེའི་ཧྥུང་ལ་སློབ་སྦྱོང་བྱེད་པའི་རྣམ་པ་འཁྲུག་ཆ་དོད་པོ་མངོན། གཞོན་ནུ་30ལྷག་གིས་“དམར་མདོག་གི་གྱོན་གོས་”དང་ལག་ཤུབས་གྱོན་ཏེ་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཁག་ཏུ་གཙང་སྦྲ་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་འགྲོ་བཞིན་ཡོད།

ལྷ་ས་འགག་སྒོས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལྟ་བ་བརྟན་པོ་བཙུགས་ནས་དང་བླངས་ཞབས་ཞུ་དེ་ཤེས་དཔལ་གྲོང་ཁྱེར་ནང་ཧུར་ཐག་འདྲེས་ཐུབ་པར་བྱས་ཏེ། གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ནས་“མ་ཡུམ་གྱི་ཆུ་བོ་སྲུང་སྐྱོབ་”དང་“ཇོ་རིའི་ལྡུམ་ར་རྒྱབ་མ་སྲུང་སྐྱོབ་”སོགས་ཁྱད་ལྡན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་མང་ཚོགས་ཁྲིད་སྟོན་གྱིས་ཐུན་མོང་ཐོག་གངས་ལྗོངས་ས་མཐོའི་དྭངས་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་བྱེད་ཀྱི་ཡོད། དུས་མཚུངས་རྒྱལ་ཁོངས་སྐྱེ་དངོས་བདེ་འཇགས་སློབ་གྲྭར་སྤེལ་བ་དང་། གྲོང་སྡེར་སྤེལ་བ། ཁེ་ལས་སུ་སྤེལ་བ་བཅས་ཀྱི་ལས་གཞི་གཏིང་ཟབ་ཏུ་སྤེལ་ནས་སྐྱེ་དངོས་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁོངས་སྐྱེ་དངོས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་བཙུགས་ཤིང་། 2025ལོར་ལས་གཞི་འདི་ལ་བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་ལས་གཞི་ལེགས་ཤོས་ཀྱི་མཚན་སྙན་ཡང་ཐོབ།

ཉེ་བའི་ལོ་ཤས་རིང་ལྷ་ས་འགག་སྒོས་“མཐོ་གསུམ་སྔོན་གཅིག་”འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ནས། དུས་རབས་གསར་པར་“བློ་དཀར་དང་། ལེགས་སྐྱེས། དམངས་ཕྱུག མཐའ་སྟོབས་”ཀྱི་མཐའ་མཚམས་སྙིང་སྟོབས་ལག་བསྟར་བྱས་ཏེ། དང་བླངས་ཞབས་ཞུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། དང་བླངས་ཞབས་ཞུའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་མཚོའི་སྐར་མ་ལྟ་བུའི་“དཔུང་ཁག་གཅིག་དང་ཚོང་རྟགས་གཅིག་”གི་མ་ལག་ཆགས་པར་བྱས་ཡོད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明