西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཁོར་ཡུག་སྲུང་སྐྱོབ། ༄༅། །ཨ་ཕའི་བརྩེ་བ། ༄༅། །དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།

放大 缩小 默认

༄༅། །དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།

□ 作者 བསྟན་འཛིན་ཆོས་སྐྱིད།

སྐྱེ་བོ་ཚང་མར་ཁྱིམ་ཚང་རེ་ཡོད་ངེས་ཤིང་། ང་ལ་དེ་ལྟ་བུའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོད།

ང་ཚོའི་ཁྱིམ་ཚང་ནང་ལ་མི་བཅུ་གཅིག་ཡོད། རྨོ་བོ་དང་ཨ་ཕ། ཨ་མ། ཨ་ཅེ་གཉིས་དང་། ཕུ་བོ་གཅིག ནུ་བོ་གཅིག གཅུང་མོ་གསུམ་བཅས་རེད། ང་དོན་གང་ཞིག་བྱེད་ན་ཡང་ཕ་མ་གཉིས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། དེ་ནི་ང་རང་གི་བསོད་ནམས་སུ་འདོད། ཕ་མ་རྣམ་གཉིས་ཀྱིས་ཕྲུ་གུ་བརྒྱད་པོར་ཟས་གོས་གང་གི་ཐད་ནས་ཁྱད་པར་ཏིལ་འབྲུ་ཙམ་མི་འབྱེད་པར་འདྲ་མཉམ་གྱིས་བགོ་བཤའ་ཐེབས་པ་བྱེད་ཅིང་། ཚང་མར་ཅི་ནུས་ཀྱིས་ཆད་ལྷག་མ་ཤོར་བ་བྱེད་པས་ཕྲུ་གུ་ཚང་མའི་སེམས་སུ་བཏང་སྙོམས་ཀྱི་སྣང་བ་ལས་མ་རངས་པ་གཏན་ནས་འབྱུང་གི་མེད། སྔོན་ཆད་ངའི་ནུ་བོ་ཤ་ཟ་གི་མེད་པས། ཨ་མས་ནམ་རྒྱུན་ཁོང་ལ་དམིགས་བསལ་གྱི་ཁ་ལག་བཟོ་དགོས་ཀྱི་ཡོད། འོན་ཀྱང་དེང་སང་ནུ་བོས་ཁ་ལག་རིགས་གཉིས་བཟོ་དགོས་པས་ཨ་མ་དཀའ་ལས་ཁག་པར་དོགས་པ་ཡིན་ནམ་གང་ཡིན་ད་ལྟ་ཤ་ཟ་གི་ཡོད་པ་རེད།

ངའི་ཨ་ཕ་ནི་གྲོང་ཚོའི་ནང་གི་འགོ་ཁྲིད་ཡིན། དེ་ནས་ཁོང་ནམ་རྒྱུན་གྲོང་ཚོའི་ལས་ཀའི་ཐོག་ལ་ཐུགས་བྲེལ་ཆེན་པོ་ཞེ་དྲག་ཡོད། རྟག་པར་གྲོང་ཚོའི་ནང་གི་ལས་ཀ་དང་ཚོགས་འདུ་སོགས་ལ་ཞུགས་ནས་དཀའ་ལས་ཆེན་པོ་མྱངས་ན་ཡང་། ཁྱིམ་ལ་ལོག་སྐབས་འཛུམ་དམུལ་དམུལ་གྱི་རྣམ་པ་ཞིག་བསྟན། ཁོང་ནི་ང་ཚོའི་ཁྱིམ་ཚང་འདེགས་པའི་ཀ་བ་ཞིག་དང་མཚུངས། ཁང་པ་གཅིག་གི་ངོས་ནས་བཤད་ན། ཀ་བ་ནི་རྩ་བ་རེད། རྨང་གཞི་རེད། ཁྱིམ་ཚང་ཞིག་ལ་མཚོན་ན་ཀ་བ་ནི་གནད་འགག་གི་བརྟེན་སའང་རེད།

ངའི་ཨ་མ་ལ་བྱམས་ལྡན་གྱི་ཐུགས་གཤིས་ཤིག་ལྡན་ཡོད། ག་དུས་ཁ་པར་ལས་ཁྱིམ་ཚང་དབུལ་པོའི་ནད་པ་སྨན་རིན་ཞལ་འདེབས་བསྡུ་བ་མཐོང་ཚེ། དེ་ཚོ་ལ་རྟག་པར་སྒོར་ཉི་ཤུ་ཙམ་ཆད་མེད་དུ་ཞལ་འདེབས་འབུལ་གྱི་ཡོད་པ་མ་ཟད། སེམས་ཀྱང་ཤིན་ཏུ་ཆུང་བས་ཕྲུ་གུ་ཚོའི་འདོད་བློ་ཅི་ཞིག་ཡོད་པ་སྐོང་ཅི་ཐུབ་བྱེད་ཀྱི་ཡོད། དཔེར་ན། ཕྲུ་གུ་ཁ་ཤས་ཟས་འདེམ་བྱེད་པར་དགའ་བས། ཨ་མས་གཤེ་གཤེ་མི་གཏོང་ལ་རང་གི་དཀའ་ཚེགས་ལ་མི་འཛེམ་པར་ཁོ་ཚོའི་འདོད་པ་ཇི་བཞིན་དུ་ཁ་ལག་བཟོ་ཡི་ཡོད། ང་ལ་འདི་འདྲའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་། བྱམས་བརྩེ་ཅན་གྱི་ཕ་མ་གཉིས་ཡོད་དུས་དེ་ནི་རང་ཉིད་ཀྱི་ཚེ་འདིའི་བསོད་ནམས་དང་གཟི་བརྗིད་རེད་སྙམ་གྱི་ཡོད།

ངའི་སེམས་ནང་ལ། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དགོས་ན། ཕན་ཚུན་བར་བསམ་ཤེས་ཐུབ་པ་དང་། རང་ཉིད་ཀྱི་ཕྲུ་གུར་རྒྱབ་སྐྱོར་བྱེད་ཐུབ་པ། གཙོ་བོ་ནི་ཁྱིམ་ཚང་མཐུན་སྒྲིལ་དགོས་པ་དེ་ཡིན། དེ་རིང་ངས་འདི་ནས་ཧམ་པ་ཚ་པོས་རང་ཉིད་ལ་དེ་ལྟ་བུའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོད་ཅེས་སྨྲ་བར་ཐལ་ལོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明