西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཁོར་ཡུག་སྲུང་སྐྱོབ། ༄༅། །ཨ་ཕའི་བརྩེ་བ། ༄༅། །དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།

放大 缩小 默认

༄༅། །ཁོར་ཡུག་སྲུང་སྐྱོབ།

□ 作者 ཚེ་རིང་གཡུང་མཚོ།

"ཁོར་ཡུག་སྲུང་སྐྱོབ། མི་ཡོངས་འགན་ཡོད།"ཅེས་པའི་ཡིག་འབྲུ་བརྒྱད་པོ་བྲིས་པའི་ཤིང་བྱང་དེ་ནི་སྔོ་ལྗང་གི་སྤང་ལྗོངས་དང་གྲོང་ཁྱེར་གྱི་སྤྱི་གླིང་། ཡུལ་སྐོར་གྱི་གནས་གང་སར་མཐོང་རྒྱུ་ཡོད། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་མཐའ་ཡས་པའི་འཇིག་རྟེན་ཆེན་པོ་འདིའི་སྟེང་འཚོ་གནས་བྱེད་པའི་སྐྱེ་བོ་ཚང་མའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་ཞིག་ཡིན།

གལ་ཏེ་ཡ་རབས་ཀུན་སྤྱོད་དང་ལྡན་པའི་མིས་ཡིག་འབྲུ་བརྒྱད་པོ་དེ་མཐོང་ཚེ་ཡིད་ལ་བཞག་ནས་མ་སྐུལ་དང་བླང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་དགོས་པ་དང་དམིགས་ཡུལ་རྟོགས་ན་སྲུང་སྐྱོབ་བྱེད་སྲིད། ཡིན་ནའང་ཀླད་ཆུང་རང་བཞིན་ཅན་རྣམས་ཀྱིས་མཐོང་ཡང་སྣང་འཇོག་མེད་པར་རང་ཉིད་ཀྱི་ཁེ་ཕན་ཆུང་ངུ་དེ་སྒྲུབ་པའི་ཆེད་དུ་བྱ་ངན་སྤྱོད་ངན་མང་པོ་སྤེལ་སྲིད། ཡ་རབས་མ་རབས་སྤྱོད་པས་ཤེས་ཟེར་བ་ལྟར། མི་ཁག་གཅིག་རྒྱུན་ལྡན་ཕྱི་ལ་བསྐྱོད་པའི་སྐབས་ལམ་བར་དུ་ཁ་ལུད་སྣ་ལུད་གང་བྱུང་དུ་གཡུགས། སྐྱག་གཅིན་གང་བྱུང་དུ་གཏོང་། བཟས་ཚར་བའི་རྔན་པའི་འགྱིག་ཤོག་སོགས་གད་སྙིགས་གང་སར་གཡུགས་པ་མཐོང་རྒྱུ་ཡོད། མི་དེ་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ལྟ་ཅི་གནོད་འཚེ་རབ་དང་རིམ་པ་བཟོ་བཞིན་ཡོད། ཡིན་ནའང་ཡ་རབས་ཀུན་སྤྱོད་དང་ལྡན་པའི་མིས་དེ་ལས་ལྡོག་སྟེ། རང་ཉིད་ཀྱི་ཁེ་ཕན་ཆུང་ངུ་ལ་བསམ་བློ་མི་གཏོང་བར་སྒེར་དོན་སྤངས་ནས་སྤྱི་དོན་ལ་ཕྱོགས་པའི་སྙིང་སྟོབས་ཀྱིས་མི་རྣམས་ལ་བདེ་སྐྱིད་མང་པོ་ཞིག་བསྐྲུན་ཐུབ། དེང་གི་མི་མང་པོ་ཞིག་ལག་ལེན་ལས་ཁ་བཤད་མང་། ཐ་ན་ཁ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚིག་ཤོད་པ་ལས་ལག་མི་འགུལ། ལག་ལེན་མེད་ན་ཐམས་ཅད་སྟོང་བཤད་ཙམ་དུ་འགྱུར། དེར་བརྟེན་ང་ཚོ་ཚང་མས་ལག་ལེན་དངོས་ནས་སྲུང་སྐྱོབ་ཀྱི་ལས་ལ་འབད་དགོས།

དེང་སྐབས་རྒྱལ་ཕྱི་རྒྱལ་ནང་ཙམ་མ་ཟད་ང་ཚོ་བོད་ཁུལ་དུའང་ས་ཡོམ་དང་ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེ་ལོ་རེ་ནས་ལོ་རེར་མང་དུ་ཐོན་གྱི་འདུག་པས། དེ་ཚོ་ལྷག་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཏང་བའི་རྐྱེན་གྱིས་ཡིན། ལྷག་པར་དུ་བོད་ལྗོངས་གཞིས་ཀ་རྩེ་དིང་རིར་བྱུང་བའི་ཡ་ང་ལ་འཇིགས་སུ་རུང་བའི་ས་ཡོམ་དེས་མི་ཐམས་ཅད་སྡུག་བསྔལ་གྱི་ངུ་སྒྲས་ཁེངས། དུད་འགྲོ་རྣམས་སྐྱོ་བའི་འཚེར་སྒྲས་ཁེངས། དེ་ནི་རང་བྱུང་ཁམས་ཀྱིས་མི་རྣམས་ལ་ཉེས་པ་བཅད་པ་ཞིག་མ་ཡིན་ནམ། འདི་འདྲ་བའི་ཡ་ང་བའི་གནས་ཚུལ་ཕྱིས་འབྱུང་མི་ཐོན་པའི་ཆེད་དུ་ང་ཚོ་ཚང་མས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལྡན་པ་བྱས་ན་ཅི་མི་རུང་སྙམ། ཁོར་ཡུག་སྲུང་སྐྱོབ་ཟེར་བ་དམའ་འབྲིང་སློབ་མས་ཧ་གོ་བའི་གནས་ལུགས་དེ་མི་རྒན་པས་ཧ་མི་གོ་བའི་རྒྱུ་མཚན་གང་ཡིན་ནམ། དེས་ན་ང་ཚོ་ཚང་མས་རང་ཉིད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་ལ་སྦགས་བཙོག་གི་དྲི་མ་མེད་པ་དང་རང་བྱུང་གི་གནོད་འཚེ་མེད་ན་སྙམ། ཇི་སྐད་དུ། སྲུང་སྐྱོབ་ཀྱི་འདུ་ཤེས་ལས་བདེ་སྐྱིད་ཀྱི་མེ་ཏོག་བཞད་ཅེས་གསུངས་པ་ལྟར། དུས་རྒྱུན་འཚོ་བའི་ཁྲོད་དུ་རང་ཉིད་སོ་སོའི་ཁེ་ཕན་ཆུང་ངུ་དེ་ཁོ་ནར་བསམས་ནས་མ་སྡོད་པར། འཛམ་གླིང་འདིའི་ཐོག་གི་མི་ཚང་མའི་བདེ་ཐང་ལ་བསམ་ཤེས་བྱས་ནས་ང་ཚོ་མི་ཡོངས་ཀྱིས་རང་ཉིད་སོ་སོའི་ནུས་ཤུགས་རེ་བཏོན་ན་འཛམ་གླིང་དེ་བས་མཛེས་པ་དང་ཆེས་གསོན་ཉམས་ལྡན་པར་འགྱུར་སྲིད།

ཁོར་ཡུག་སྲུང་སྐྱོབ། མི་ཡོངས་འགན་ཡོད། ཅེས་པའི་ཡིག་འབྲུ་བརྒྱད་པོ་འདི་རྡོ་ལ་རི་མོ་བརྐོས་པ་བཞིན་ཚང་མའི་སེམས་ལ་བཅངས་ནས་ནམ་ཡང་མ་བརྗེད་པར་བྱེད་དགོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཅེས་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་དངོས་ནང་འཁྱོལ་ཐུབ་པ་གནང་རོགས། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༨(༣)

ཟུར་ཁྲིད་དགེ་རྒན། ཚེ་རིང་དབྱངས་ཅན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明