西藏青年报藏文版ཕྱོགས་བསྡུས། བོད་ཀྱི་ཕྲུ་གུའི་མིག་ཤེད་ཡག་པོ་སྲུང་བར་ བྱ་བ་དངོས་མང་ཙམ་སྒྲུབ་ཀྱི་ཡིན། ནགས་ཚལ་གྱི་མེ་ཟོན་བདེ་འཇགས་དྲ་བ་ཚགས་དམ་དུ་བཏང་བ། ལས་གནས་བརྟན་སྲུང་གིས་སྨན་བྱད་ཞིབ་བཤེར་འགན་ལེན་བྱས་པ།

放大 缩小 默认

ནགས་ཚལ་གྱི་མེ་ཟོན་བདེ་འཇགས་དྲ་བ་ཚགས་དམ་དུ་བཏང་བ།

འདི་ནི་མེ་གསོད་རུ་མིས་གསོ་སྦྱོང་ནང་ཞུགས་མཁན་ནགས་སྲུང་བར་མེ་ཟོན་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་སློབ་བཞིན་པ།

ཉེ་ཆར། ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་ནག་ཆུ་རུ་ཆེན་གྱི་བཅའ་སྡོད་ཡན་ལག་རུ་ཁག་གིས་ལྷ་རི་རྫོང་ཉི་འོད་ཤང་དུ་ནགས་སྲུང་བར་ནགས་ཚལ་མེ་ཟོན་མེ་གསོད་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་བྱེད་རིང་། བཅའ་སྡོད་ཡན་ལག་རུ་ཁག་གི་བཀོད་འཐབ་པས་ཉི་འོད་ཤང་གི་དོན་དངོས་ལ་གཞི་ཚུགས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲིད་ཇུས་དང་ཁྲིམས་སྲོལ་དང་། མེ་ཁུངས་དོ་དམ་ཚོད་འཛིན། མངོན་མེད་རྐྱེན་ངན་གྲལ་བཤེར། མེ་སྐྱོན་སྔ་ས་ནས་ཐག་གཅོད། བདེ་འཇགས་ཉེན་གཡོལ་སོགས་ལ་གཙོ་བོར་དམིགས་ནས་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་མ་ཟད། མེ་གསོད་སྒྲིག་ཆས་བཀོལ་སྤྱོད་དང་སྟབས་བདེའི་མེ་སྐྱོན་ཐག་གཅོད་བྱེད་ཐབས་སོགས་བསླབས་ཏེ། གསོ་སྦྱོང་ནང་ཞུགས་མཁན་གྱིས་ནགས་སྲུང་ཤེས་བྱ་གོ་ཐུབ་པ་དང་སྤྱོད་ཐུབ་པ་བྱས་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明