西藏青年报藏文版ཕྱོགས་བསྡུས། རིག་གནས་སྒོ་ར་ཆུང་ཆུང་། བདེ་སྐྱིད་འབྱུང་གཞི་ཆེན་པོ། 2025ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་5.1འཕར་བ། མང་ཚོགས་ལ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་བ།

放大 缩小 默认

2025ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་5.1འཕར་བ།

སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ།

ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཚུན་དུ། རང་ལྗོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཞུགས་སྔོན་འཇོག་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞབས་ཞུའི་འགན་ལེན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པས། ལས་ཞུགས་ཀྱི་དམིགས་ཚད་གཙོ་བོ་ཚང་མ་དུས་བཀག་ལྟར་བསྒྲུབས་པའམ་སྔོན་ཚུད་ནས་ལེགས་སྒྲུབ་བྱུང་ཡོད། 2025ལོའི་ཟླ་12ཚེས་31ཉིན་བར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་5.1འཕར་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཞིབ་བཤེར་ཐུབ་པའི་ལས་ཀ་ཤོར་ཚད་3%ཟིན་པ། 2025ལོའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་ད་ཡོད་སྲིད་ཇུས་བེད་སྤྱོད་གང་ལེགས་དང་འདང་ངེས་སྤྱད་པའི་རྨང་གཞིའི་ཐོག་རང་ལྗོངས་ཀྱིས《གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་བཅས་ཀྱི་ལས་གནས་གཏིང་བསྔོག་རྒྱ་སྐྱེད་ལ་ཤུགས་བརྒྱབ་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཇུས་གཞི》སོགས་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་བཏོན་ཏེ། ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ཞིང་། ལོ་ཧྲིལ་པོར་མཐོ་སློབ་སློབ་ཐོན་སློབ་མའི་ལས་གནས་སྣ་ཚོགས་ཁྱོན་ཁྲི་7.85གཅིག་སྡུད་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་ཚང་མར་གདམ་བྱའི་ལས་གནས་3ཡོད་པའི་འགན་ལེན་བྱས་ཡོད། རིགས་ཁག་གི་ལས་བསྡུའི་འདུ་ཚོགས་ཁག་ཐེངས་407འཚོགས་པ་དང་མི་སྤྱོད་སྡེ་ཚན་ཁྲི་1.2སྒྲིག་འཛུགས་བྱས་ཤིང་། རིགས་ཁག་གི་ལས་ཞུགས་ལས་གནས་ཁྲི་9.1མཁོ་འདོན་བྱས་པ་དེ་དག་བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། གསར་དར་ཐོན་ལས་སོགས་ལ་ཁྱབ་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明