西藏青年报藏文版གལ་ཆེའི་གསར་འགྱུར། ལས་བཟོའི་ཁྱིམ་གཞིས་ལེགས་པར་བསྐྱངས། དོན་དངོས་བསྒྲུབས་ནས་དྲོ་སྐྱིད་སྦྱིན། བདེ་སྐྱིད་ལྡན་པའི་འཕྱོངས་རྒྱས། ལོ་གསར་མཁོ་ཆས་འཛོམས་པ། བོད་ལྗོངས་སུ“སྒོར་དུང་ཕྱུར་སྟོང་རིམ་པའི་གྲོང་ཁྱེར”ཐོག་མ་དེ་ཐོན་པ།

放大 缩小 默认

བོད་ལྗོངས་ལྷ་སའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1090ལྷག་ཙམ་ཟིན་པ།

བོད་ལྗོངས་སུ“སྒོར་དུང་ཕྱུར་སྟོང་རིམ་པའི་གྲོང་ཁྱེར”ཐོག་མ་དེ་ཐོན་པ།

“2025ལོར་ལྷ་སའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་1090.99ཟིན་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཞིབ་ནང་ཞུགས་སྐབས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཆང་གིས་དེ་གར་གསུངས། དེ་ཐོག་ནས་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་ཟིན་པའི་གྲོང་ཁྱེར་ཐོག་མ་དེ་ཐོན་པ་མཚོན་པ་མ་ཟད། རང་རྒྱལ་གྱི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཚང་མ་སྒོར་དུང་ཕྱུར་སྟོང་ལས་བརྒལ་ནས་རྒྱལ་ཁབ་ཀྱི“དཔལ་འབྱོར་ས་ཁྲའི”ངོས་་འགག་རྩའི་ཆ་ཤས་མཐའ་མ་གསབ་པའང་མཚོན་གྱི་ཡོད།

གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོར་ལྷ་ས་གྲོང་ཁྱེར་གྱིས་སྔོན་དཔག་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་5%ཡན་འཕར་ནས་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་553ཟིན་པ་དང་། ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་55ལེགས་སྒྲུབ་བྱས་ཡོད། ཡུལ་སྐོར་བ་མི་ཐེངས་ཁྲི་5051ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་606ཟིན་པ་དེ་དུས་མཚུངས་ལས་16.8%དང་14.5%སོ་སོར་འཕར་བ་མ་ཟད། མཐོ་གསར་ལག་རྩལ་གྱི་ཁེ་ལས་61དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་11གསར་དུ་འཕར་ཡོད།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ལ་བརྩིས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། གོ་སྐབས་དམ་འཛིན་དང་ལེགས་ཆ་འདོན་སྤེལ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དེ་བས་བརྟན་པོ་དང་དེ་བས་རྒྱུན་མཐུད་ཐུབ་པར་སྐུལ་འདེད་བཏང་ཡོད། 2025ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3031.89ཟིན་ནས། དཔལ་འབྱོར་གྱི་དམིགས་ཚད་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་ཐུབ་ཡོད། བོད་ལྗོངས་ཀྱི་དཔལ་འབྱོར་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས“དཔལ་འབྱོར་དོན་གཉེར་དང་འཕེལ་རྒྱས་ལ་དམ་འཛིན”བྱེད་པ་དང“གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེན་པོ་དགུ”བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་ཞབས་འདེགས་ཧུར་ཐག་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་ནས་ཕྱོགས་བསྡུས་སྟོབས་ཤུགས་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明