西藏青年报藏文版ཕྱོགས་བསྡུས། དིང་རི་རྫོང་ལོ་ལོའི་ཚ་དྲོད་ཆེ་བའི་ས་འོག་ནུས་ཁུངས་རྩད་ཞིབ་གྲུབ་འབྲས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ། བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལོ་ངོ་60ཡི་གཏམ་རྒྱུད་འདུ་ཚོགས་ཉིང་ཁྲིར་འཚོགས་པ། གྲངས་འཛིན་ལག་རྩལ་ཁྱབ་གདལ་བཏང་། བྱང་ཚད་མཐོར་གཏོང་ལས་ལ་འབད། རིགས་པའི་གཞུང་ལུགས་དོན་ཐོག་འཁྱོལ། འཕེལ་རྒྱས་ཡོང་བར་མཐུན་རྐྱེན་སྦྱར།

放大 缩小 默认

བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལོ་ངོ་60ཡི་གཏམ་རྒྱུད་འདུ་ཚོགས་ཉིང་ཁྲིར་འཚོགས་པ།

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུས་སྒྲུབ་འགན་འཁུར་བའི“སེ་འབྲུའི་མེ་ཏོག་བཞད། གངས་ལྗོངས་དམར་མདངས་བཀྲ”ཞེས་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལོ་ངོ་60ཡི་གཏམ་རྒྱུད་འདུ་ཚོགས་ཉིང་ཁྲིར་འཚོགས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། སློབ་མའི་འཐུས་མི་སོགས་མི་གྲངས་300ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་མི་སེམས་འགུལ་བའི་གཏམ་བཤད་ཉན་པ་རེད།

བྱེད་སྒོ་སྤེལ་རིང་། གཏམ་བཤད་སྤེལ་མཁན་སྐུ་མགྲོན་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་དང་། རྒྱལ་ཡོངས་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་མི་སྒེར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་། མཉམ་སྤྱོད་མཁན་སྐུ་མགྲོན་གཉིས་ཏེ་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་དོན་གཅོད་ཁྲུའི་གཉིས་བཀུར་ལམ་སྡེ་ཁུལ་གྱི་ལས་དོན་པ་ཐའོ་ཤིན་དང་། བྲག་ཡིབ་ཆུས་སྨན་རི་ཤང་དེ་མོ་དགོན་གྱི་དགེ་འདུན་པ་བློ་བཟང་བཅས་ཀྱིས་རང་ཉིད་ཀྱི་ལས་ཀ་དང་འཚོ་བ་དང་ཟུང་འབྲེལ་བྱས་ནས། ཉེ་འགྲམ་དུ་ཐོན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྩེ་སེམས་ཟབ་མོས་བརྗོད་ཡོད།

ཚེ་དབང་ལྷ་མོས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明