西藏青年报藏文版གལ་ཆེའི་གསར་འགྱུར། 2025•ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་“དུས་རབས་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁུར་”གྱི་གླེང་སྟེགས་ཉིང་ཁྲིར་འཚོགས་པ། ལས་འཚོལ་ལས་སྟེགས་བསྐྲུན་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ། ཏང་ཡོན་དང་མང་ཚོགས་མཉམ་དུ་སྟོན་བསྡུའི་ལས་ལ་བྲེལ་བ།

放大 缩小 默认

ཏང་ཡོན་དང་མང་ཚོགས་མཉམ་དུ་སྟོན་བསྡུའི་ལས་ལ་བྲེལ་བ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྦྱར་གཞི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་ཁག་ལ་འཚམས་འདྲི་བྱེད་པའི་བརྒྱུད་རིམ་ཁྲོད། ངལ་རྩོལ་ནུས་ཤུགས་དཀོན་པའི་དབང་གིས་གྲོང་མི་སྤེན་པ་ཚང་གི་སྟོན་བསྡུར་དཀའ་ངལ་ཅུང་ཆེན་པོ་འཕྲད་པ་ཤེས་རྟོགས་བྱུང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། སྦྱར་གཞི་གྲོང་ཚོ་ཨུ་ལྷན་གྱིས་འཕྲལ་དུ་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ལས་ཐོག་ཏང་ཡོན་དང་མཉམ་དུ“ཐོ་འགོད་གཉིས་དང་ཞབས་ཞུ་གཉིས་ཀྱི”ཞིང་རོགས་སྟོན་བསྡུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་བའི་ཉིན་དེར། ཞིང་ལས་གྲོང་གསེབ་ཐིང་གི་ལས་ཐོག་ཏང་ཡོན་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་དེ་བཞིན་སྤྱི་ཚོགས་ལས་དོན་པ་བཅས་ལས་གྲུབ་པའི་དང་བླངས་ཞབས་ཞུའི་རུ་ཁག་སྤེན་པ་ཚང་གི་ཞིང་ནང་དུ་བསྐྱོད་དེ་ལོ་ཏོག་མྱུར་བསྡུའི་ལས་དོན་སྤེལ་ཞིང་། ཚང་མས་བརྔ་བ་དང་། ཕོན་ཆག་རྒྱག་པ། དབོར་བ་སོགས་བྱས་པ་རེད། ངལ་རྩོལ་བྱེད་པ་དང་དུས་མཚུངས། ཏང་ཡོན་དང་བླངས་པས་ད་དུང་ཞིང་ལས་ཀྱི་སྤྱོད་མཁོ་ཆོད་པའི་ལག་རྩ ལ་བ སླབས་ཏེ་སྤེན་པའི་རང་བརྟེན་ཐོན་སྐྱེད་འཇོན་ཐང་ཆེ་རུ་བཏང་བ་རེད།

སྤེན་པས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ང་ལ་ལོ་ཏོག་བསྡུ་རོགས་བྱས་པ་མ་ཟད། ད་དུང་སྤྱོད་གོ་ཆོད་པའི་ལག་རྩལ་ཡང་མང་པོ་བསླབས་བྱུང་། ཁྱེད་ཚོས་བསྡུ་རོགས་བྱས་པ་ནི་ལོ་ཏོག་ཁོ་ན་མ་ཡིན་པར་ངའི་ལོ་གཅིག་རིང་གི་རེ་སྒུག་ཡིན”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྟོན་བསྡུའི་རོགས་ལས་བྱེད་སྒོ་ནི་སྦྱར་གཞི་གྲོང་ཚོས“ཏང་དར་འོག་གི་དམ་བཅའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ཞིང་། འདི་ལས་ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་ལྷག་བསམ་རྣམ་དག་གིས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་སྤྱོད་ཚུལ་བཟང་པོ་གང་ལེགས་མཚོན་ཡོད།

དམ་ཆོས་མི་ཕམ་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明