西藏青年报藏文版ཕྱོགས་བསྡུས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད། རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལས། གཞོན་ནུའི་གསོན་ཤུགས་རབ་ཏུ་མངོན། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།

放大 缩小 默认

རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལས། གཞོན་ནུའི་གསོན་ཤུགས་རབ་ཏུ་མངོན།

འདི་ནི་འགྲན་བསྡུར་བྱེད་བཞིན་པ།

ཟླ་10ཚེས་16ཉིན། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་2025ལོའི་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་སྐབས་བཞི་པའི་བོད་ལྗོངས་འགྲན་ཁུལ་གྱི་སྐྱེས་པའི་U13དང་U17ཚོགས་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ལུས་རྩལ་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་གྱི་སློབ་གྲྭའི་འཐུས་མི་རུ་ཁག་14དང་གཞོན་ནུ་ལོ་ཆུང་ལུས་རྩལ་པ་300ལྷག་ཙམ་མཉམ་དུ་འཛོམས་པ་རེད། འགྲན་བསྡུར་དེ་ཉིན་5བྱ་རྒྱུ་ཡིན་པ་དང་། ཕུལ་བྱུང་རུ་ཁག་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་ཚུད་རྒྱུ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明