西藏青年报藏文版ཕྱོགས་བསྡུས། ཁྲིམས་སྐྱོང་ལ་བརྟེན་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ། 2025ལོའི་བོད་ནུབ་བྱང་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་རྒྱ་ཆེར་སྤེལ་བའི་མནའ་འབྲེལ་ངོ་སྤྲོད་ཚོགས་འདུ་(ལྷ་ས་ས་ཚིགས་)སུ་ལེགས་འགྲུབ་ངང་གཉེར་བ། ལྷུན་གྲུབ་རྫོང་གིས་བྱིས་པའི་དགའ་ཕྱོགས་འཛིན་གྲྭའི་སྤོས་ཀྱི་རིག་གནས་མྱོང་རོལ་བྱེད་སྒོ་སྤེལ་བ།

放大 缩小 默认

2025ལོའི་བོད་ནུབ་བྱང་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་རྒྱ་ཆེར་སྤེལ་བའི་མནའ་འབྲེལ་ངོ་སྤྲོད་ཚོགས་འདུ་(ལྷ་ས་ས་ཚིགས་)སུ་ལེགས་འགྲུབ་ངང་གཉེར་བ།

ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་2025ལོའི་བོད་ནུབ་བྱང་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་རྒྱ་ཆེར་སྤེལ་བའི་མནའ་འབྲེལ་ངོ་སྤྲོད་ཚོགས་འདུ(ལྷ་ས་ས་ཚིགས)སུ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ་རེད། ལྗོངས་ནང་ཁུལ་དང་ལྗོངས་ཕྱི་ནང་གི་ཁོངས་གཏོགས་འཐུས་མི་དང་ཡུལ་སྐོར་ལས་དོན་ཁང་། རིག་གནས་ཡུལ་སྐོར་ཁེ་ལས་བཅས་ཁྱོན་མི་གྲངས་200ལྷག་ཙམ་ཚོགས་འདུར་བཞུགས་པ་རེད།

ཚོགས་འདུའི་ཐོག་ནག་ཆུ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་འབྲེལ་ཡོད་སྲིད་ཇུས་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ། ཕྱོགས་ཡོངས་ནས་“སྣེ་རྒྱུད་ཀྱི་ནག་ཆུ།”“དམར་མདངས་ཀྱི་ཆབ་མདོ།”“མཁའ་དབྱིངས་ཀྱི་མངའ་རིས།”བཅས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གསལ་པོར་མངོན་ཡོད། དེ་དང་ཆབས་ཅིག་དུས་སྐབས་སྔ་མའི་ལམ་ཐིག་གི་རྨང་གཞིའི་ཐོག་ཆེད་མངག་གཅིག་བསྡུས་ཀྱིས་ལམ་ཐིག་G349དང་G317ངོ་སྤྲོད་དང་། སྤྱི་ཚོགས་ཐོག་གི་སྤྱི་དམངས་ལ་བོད་ཀྱི་ནུབ་བྱང་ས་ཁོངས་ཀྱི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ཁྱབ་བསྒྲགས་བྱས་ནས་ཡུལ་སྐོར་བ་རྣམས་ལ་འགྲོ་སྐྱོད་ཀྱི་ལམ་ཐིག་གསལ་པོ་དང་ལག་ལེན་བསྟར་ཐུབ་པའི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད།

ད་ཐེངས་ཀྱི་བྱེད་སྒོ་དེ་“དྲ་ཐོག་དང་དྲ་འོག་”གི་རྣམ་པའི་ཐོག་ནས་སྤེལ་བ་རེད། ཚོགས་རའི་ཕྱི་རུ་ནག་ཆུ་དང་། ཆབ་མདོ། མངའ་རིས་བཅས་ཀྱི་མཛེས་ལྗོངས་ཁུལ་གྱི་སྤུས་ལེགས་པར་རིས་དང་རིག་གནས་གསར་གཏོད་ཐོན་རྫས་བརྒྱུད་བགྲོད་སྟོན་ནས། ས་གནས་གསུམ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀར་མངོན་པ་དེ་ལྟད་མོ་བས་བོད་ནུབ་བྱང་ཤེས་རྟོགས་བྱེད་པར་དབྱིངས་གཞུགས་པའི་“མཐོང་ཚོར་སྒེའུ་ཁུང་”ཞིག་ཏུ་གྱུར་ཡོད། ཚོགས་རའི་ཐོག་ནག་ཆུ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་《གླང་རྭའི་བསྔགས་བརྗོད》《སྤྲོ་སྣང་གི་རལ་པ》《ནག་ཆུའི་མི》《ནག་ཆུ་ལ་ཕེབས་རོགས》སོགས་ནག་ཆུ་ཡི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་གླུ་གཞས་ཐོག་ནས་བོད་བྱང་ ཐང་གི་རིག་གནས་གསོན་ཤུགས་དང་སྤྲོ་སེམས་གང་ལེགས་མངོན་ཡོད། དྲ་ཐོག་ནས་“ནག་ཆུའི་རིག་གནས་ཡུལ་སྐོར་”སྨྱན་སྦྱོར་བརྒྱུད་དེ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དང་པར་རིས་ཐད་གཏོང་བྱས་པ་དེས་བོད་ནུབ་བྱང་གི་རིག་གནས་ཐོན་ཁུངས་ཀྱི་ཐབས་ལམ་མང་པོ་ཁྱོན་ཡོངས་ལ་ཁྱབ་པའི་སྒྲོག་སྤེལ་མངོན་འགྱུར་བྱུང་ཡོད།

འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོ་དེས་བོད་ནུབ་བྱང་གི་རིག་གནས་ཡུལ་སྐོར་གཅིག་བསྡུས་ཐོག་འགྲེམ་སྟོན་བྱས་པ་མ་ཟད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་གྱི་ནུས་པ་བྱ་ཐབས་གཏིང་ཟབ་ཏུ་གཏོང་བ་དང་དཔེ་དབྱིབས་གསར་གཏོད་ཡང་ཡིན་པས། བོད་ནུབ་བྱང་གི་ཐོན་ཁུངས་མཉམ་སྤྱོད་དང་། འགྲུལ་རྒྱུན་ཕན་ཚུན་སྐྱེལ་བ། ཁྲོམ་ར་ཐུན་མོང་ཐོག་རྒྱ་སྐྱེད་ཀྱིས་ས་ཁོངས་རིག་གནས་ཡུལ་སྐོར་གྱི་མཉམ་ལས་རྣམ་པ་གསར་པ་འཛུགས་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ཡོད་ཅེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明