西藏青年报藏文版ཕྱོགས་བསྡུས། བྱ་སྤྱོད་མྱུར་དུ་སྤེལ། དམངས་ལ་དྲོ་སྐྱིད་སྦྱིན། ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཐུགས་གྲ་ལེགས་འགྲིག་བྱུང་བ། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ཕྱོགས་མང་པོའི་སྟོབས་ཤུགས་བསྒྲིལ་ནས་གྲོང་གསེབ་ཏུ་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ།

放大 缩小 默认

ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཐུགས་གྲ་ལེགས་འགྲིག་བྱུང་བ།

འདི་ནི་2025ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་བྱ་དགའི་སྟེགས་བུར་བུད་མེད་ཚོགས་ཆུང་གི་འགྲན་ཞུགས་པ་ཨང་དང་པོ་དང་། གཉིས་པ། གསུམ་པ་ཚོས་བྱ་དགའ་ལེན་བཞིན་པ།

ཟླ་9ཚེས་21ཉིན། 2025ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་བོད་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་ནས་རྒྱུག་འགོ་ཚུགས་ཤིང་། འགྲན་ཞུགས་པ་7000གིས་ས་བབ་སྨི་3600ལྷག་ཙམ་ཟིན་པའི་འགྲན་ལམ་དུ་ནུས་ཤུགས་ཡོད་རྒུས་རྒྱུགས་པ་རེད། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་ཁས་ལེན་བྱས་པའིA1རིམ་པའི་འགྲན་བསྡུར་ཞིག་གི་ངོས་ནས། ད་ཐེངས་ཀྱི་མར་སུན་འགྲན་རྒྱུག་ནི་ས་མཐོའི་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་མ་ཟད། བོད་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པ་དང“ལུས་རྩལ་དང་། རིག་གནས། ཡུལ་སྐོར”བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུའང་གྱུར་ཡོད།

བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་གཉེར་འགན་འཁུར་བའི་2025ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གིས“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། སྐབས་ལྔ་གཉེར་བ་བརྒྱུད་2018ལོའི་མི་3000ནས་ད་ལྟའི་མི་7000བར་མང་དུ་སོང་ཡོད། ལམ་ཕྱེད་མར་སུན་དང་། སྤྱི་ལེ་10ཡི་མྱུར་འགྲན། སྤྱི་ལེ་5ཡི་བདེ་ཐང་རྒྱུག་ཤར་བཅས་ཚོགས་ཆུང་3ཡོད་པ་དང་། འགྲན་ལམ་ཧྲིལ་པོ་ལྷ་ས་སྐྱིད་ཆུ་དང་ཕོ་བྲང་པོ་ཏ་ལ་སོགས་ས་ཁམས་མཚོན་རྟགས་གཙོ་བོ་དང་སྦྲེལ་ནས་ས་མཐོའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་གཅིག་ཏུ་འདྲེས་པར་བྱས་ཡོད། འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། འགྲན་ཞུགས་པ་དོན་གྲུབ་ཚེ་རིང་དང་དབྱིངས་འཛིན་ལྷ་མོ་གཉིས་ཀྱིས་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་། བསོད་ནམས་རྡོ་རྗེ་དང་ངག་དབང་ལྷག་སྒྲོན་སོགས་སྤྱི་ལེ་10ཡི་མྱུར་འགྲན་ནང་འབུར་དུ་ཐོན་ཡོད། འགྲན་ཞུགས་པ་རྣམས་ཀྱིས་ཞུམ་མེད་བློ་སྟོབས་ཐོག་ནས“མཐར་སོན་ལ་འགྲན་སློང་བྱེད། རང་ཉིད་ལས་རྣམ་པར་རྒྱལ་བའི”ལུས་རྩལ་གྱི་སྙིང་སྟོབས་ལ་གསལ་འགྲེལ་བརྒྱབ་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明