西藏青年报藏文版གལ་ཆེའི་གསར་འགྱུར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ། དུག་རྫས་རིང་དུ་སྤོང་། ཚེ་སྲོག་གཅེས་སུ་འཛིན།

放大 缩小 默认

དུག་རྫས་རིང་དུ་སྤོང་། ཚེ་སྲོག་གཅེས་སུ་འཛིན།

འདི་ནི་དུག་འགོག་ཉེན་རྟོག་པས་ལྷ་སའི་གྲོང་མིར་དུག་རྫས་ཀྱི་གནོད་སྐྱོན་བརྗོད་བཞིན་པ།

དུག་འགོག་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཀྱི་དུག་རྫས་ཤེས་རྟོགས་བྱེད་པ་དང་། དུག་རྫས་སྔོན་འགོག་བྱེད་པ། དུག་རྫས་མི་འཐེན་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་ཆུ་མིག་ལམ་གྱི་འདམ་རའི་སྤྱི་གླིང་དུ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དྲིལ་བསྒྲགས་འགྲེམས་སྟེགས་བཙུགས་པ་དང་། དུག་འགོག་དྲིལ་བསྒྲགས་ལག་དེབ་སྤྲད་པ། འགྲོ་འོང་མང་ཚོགས་ལ་དུག་རྫས་ཀྱི་གནོད་སྐྱོན་དང་། རྒྱུན་མཐོང་གི་རྫུན་བཟོའི་རྣམ་པ། དོགས་ཟོན་གནད་འགག་སོགས་འགྲེལ་བཤད་བརྒྱབ་པ་བརྒྱུད་གྲོང་མི་མང་ཚོགས་ཀྱི་དུག་འགོག་འདུ་ཤེས་ཟབ་ཏུ་ཕྱིན་ནས་དམངས་ཡོངས་ཀྱིས་དུག་རྫས་འགོག་པའི་རྣམ་པ་ཟབ་མོ་བཏོད་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明