西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཕུགས་འདུན་མངོན་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུ། ༄༅། །དཔྱིད་ཀ ༄༅། །སྡུག་རུས་བསྐྱེད་དགོས།

放大 缩小 默认

༄༅། །དཔྱིད་ཀ

□ 作者 པདྨ་ལྷ་སྐྱིད།

དཔྱིད་ཀ་ནི་ནམ་དུས་བཞིའི་ཡ་གྱལ་ཞིག་ཡིན། དེ་ནི་གྲང་ངར་ཆེ་བའི་དགུན་ཁ་རྫོགས་ནས་སླེབས་ཀྱི་ཡོད། དེ་དུས་བྱ་ཁུག་རྟ་ལྷོ་ཕྱོགས་ནས་འཕུར་ཡོང་ལ་སྦྲང་ཆར་སིམ་སིམ་དུ་བབས་པ་མ་ཟད་དཔྱིད་རླུང་འུར་འུར་ལྡང་བ་དང་། ལོ་འདབ་རྣམས་སྔོ་ལྗང་གཡུ་ལོ་བཀོད་པ་ལྟ་བུར་འགྱུར་འགྲོ་གི་ཡོད།

དཔྱིདཀ་སླེབས་དུས་ཆུ་མིག་ནང་གི་འཁྱགས་པ་བཞུར་བ་དང་རྩྭ་ཐང་སྟེང་གི་མེ་ཏོག་རྣམས་ང་ཤོར་ཁོ་ཤོར་ངང་ཁྲ་ཆིལ་ལེར་བཞད་པ་དང་། ཆུ་དྭངས་ཤིང་གཙང་བ་ཡིན་པས་ཆུའི་ནང་གི་གསེར་ཉ་ཕར་འགྲོ་ཚུར་འོང་བྱེད་པའི་རྣམ་པ་གསལ་པོར་མཐོང་གི་ཡོད། རྩྭ་ཐང་སྟེང་རྟ་ནོར་ལུག་གསུམ་གྱིས་རྩྭ་བཟའ་ཞིང་ཆུ་འཐུང་ལ་ཡང་ཁ་ཤས་གཉིད་ཁུག་ནས་སྡོད་ཀྱི་ཡོད། དྲོད་ཚད་མཐོ་རུ་ཕྱིན་ནས་མི་རྣམས་ཀྱི་གྱོན་གོས་སྲབ་ཏུ་གཏོང་། ཕྲུ་གུ་རྣམས་སློབ་གྲྭ་གྲོལ་ཚེ་བྲེལ་འཚུབ་འཚུབ་ངང་ལམ་སེང་ནང་ལ་ལོག་ནས་བྱ་འཕུར་འཁྱེར་ཏེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་བྱ་འཕུར་གློད་ཀྱི་ཡོད། ད་དུང་རྩྭ་སྔོན་སྐྱེ་བ་དང་ཁམ་བུའི་མེ་ཏོག་མང་པོ་སྐྱེས་པས་མིག་ལ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་འདུག

མདོར་ན་གསོན་ཤུགས་རྒྱས་པའི་ནམ་དུས་དཔྱིད་ཀ་ནི་འདི་འདྲའི་མཛེས་པ་ལ་ཨང་། དེར་བརྟེན་ང་ནི་དཔྱིད་ཀར་དགའོ། །

གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལོ་རིམ་༤(༦)

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明