西藏青年报藏文版ཕྱོགས་བསྡུས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་ འཁྱོངས་དང་དོན་འཁྱོལ་བྱེད་དགོས། ས་མཐོའི་སྲོལ་རྒྱུན་འོང་བསྐོར། པར་རིས་གསར་འགྱུར། རང་ལྗོངས་ཀྱིས་གཏན་འཇགས་རྒྱུ་ནོར་“ཐོ་འགོད་དཀའ་བ་”བཅོས་སྒྲིག་ནན་པོ་བྱས་པ་དང་གྲོང་མི་དུད་ཚང་ཁྲི་ལྷག་ཙམ་ལ“དེབ་དམར་པོ”སྤྲད་པ།

放大 缩小 默认

རང་ལྗོངས་ཀྱིས་གཏན་འཇགས་རྒྱུ་ནོར་“ཐོ་འགོད་དཀའ་བ་”བཅོས་སྒྲིག་ནན་པོ་བྱས་པ་དང་གྲོང་མི་དུད་ཚང་ཁྲི་ལྷག་ཙམ་ལ“དེབ་དམར་པོ”སྤྲད་པ།

ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཏན་འཇགས་རྒྱུ་ནོར་གྱི་“ཐོ་འགོད་དཀའ་བ་”བཅོས་སྒྲིག་བྱེད་པ་དང་མང་ཚོགས་ཀྱི་ཛ་དྲག་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་“ཐོ་འགོད་དཀའ་བ་”བཅོས་སྒྲིག་བྱེད་པའི་གནད་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་རིང་པོའི་ནང་ལོ་རྒྱུས་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་དཀའ་བའི་གནད་དོན་དེ་མང་ཚོགས་ཁག་གཅིག་གི་ཉེ་འགྲམ་དུ་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་སེམས་ཁྲལ་དང་སུན་སྣང་གི་དོན་དག་ཅིག་ཏུ་གྱུར་ནས་མང་ཚོགས་གཞིས་ཆགས་པ་དང་། སློབ་ཞུགས་བྱེད་པ། ཉོ་ཚོང་བྱེད་པ། མ་དངུལ་བསྡུ་སྒྲིལ་སོགས་ལ་དཀའ་གནད་མང་པོ་བཟོས་ཡོད། བརྟག་དཔྱད་ཞིབ་དཔྱད་གཏིང་ཟབ་བྱས་པ་བརྒྱུད། མིག་སྔའི་བར་ལྗོངས་ཡོངས་ནས་གཏན་འཇགས་རྒྱུ་ནོར་“ཐོ་འགོད་དཀའ་བའི”ལོ་རྒྱུས་ཐོག་ཤོར་བའི་གནད་དོན་ཁག་167དང་། དུད་ཚང་34221དང་འབྲེལ་བ་ཡོད་པ་བཅས་ལ་ཞིབ་བཤེར་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་4པ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་གཏན་འཇགས་རྒྱུ་ནོར་“ཐོ་འགོད་དཀའ་བའི”གནད་དོན་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྒྲིག་འཛུགས་བྱས་ཏེ། “ལོ་རྒྱུས་ལ་བརྩི་འཇོག་བྱེད་པ་དང་། དོན་དངོས་ལ་ལྟ་རྟོག་བྱེད་པ། དམངས་ལ་ཕན་པ་སྤྲོད་པ། འགྲོ་ལུགས་འཐུས་ཚང་དུ་གཏོང་བ།”“གང་ཞིག་མི་འདང་ན་གང་ཞིག་ཁ་གསབ་བྱེད་པ། སུ་ཞིག་གིས་ཞིབ་མཆན་སུ་ཞིག་གིས་འགན་འཁུར་དགོས།”“དམངས་ཚོགས་ལ་ནོར་འཁྲུལ་མེད་ཚེ་ལག་ཁྱེར་སྤྲོད་དགོས།”ཞེས་པའི་རྩ་དོན་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཆའི་ཐོག་བཙོངས་ཟིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་དང་ཁེ་ལས་ཀྱི་སྡོད་ཁང་མིན་པའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི་ལོ་རྒྱུས་ཐོག་ཤོར་བའི་གནད་དོན་ལ་དམིགས་ནས། བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ། མིག་སྔའི་བར་གཏན་འཇགས་རྒྱུ་ནོར་“ཐོ་འགོད་དཀའ་བའི”ལོ་རྒྱུས་ཐོག་ཤོར་བའི་གནད་དོན་ཁག་158ཐག་གཅོད་བྱས་ནས་ཐག་གཅོད་བྱེད་ཚད་94%ཟིན་ཡོད་པ་དང་། མང་ཚོགས་དུད་ཚང་18717ལ་“དེབ་དམར་”སྤྲད་ནས་“བློ་བརྟན་པོར་”འགྱུར་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明