西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཏང་གི་གཟི་འོད་ཕྱོགས་བཅུར་ཁྱབ། ༄༅། །སྐྱོན་ཡོན་གསལ་པོར་ཕྱེས་དང་། ༄༅། །བྱིས་པའི་ལྷུག་རྩོམ་ཁག་གཉིས། ༄༅། །དུས་རབས་ཉེར་གཅིག་གི་གཞོན་ནུར་མངགས་པའི་འབོད་སྒྲ།

放大 缩小 默认

༄༅། །སྐྱོན་ཡོན་གསལ་པོར་ཕྱེས་དང་།

□ 作者 བདེ་སྐྱིད་གཡང་འཛོམས།

དུས་རབས་རྐང་འགྲོས་མྱུར་བ། །

མི་སེམས་བསླུ་བྲིད་མང་བ། །

རང་སེམས་རང་གིས་སྲུང་ནས། །

དྲང་གཏམ་གསལ་བར་བཤད་འདོད། །

རང་དགོས་ཤེས་བྱའི་གནས་ལ། །

བརྩོན་འགྲུས་ལྕག་གིས་སྐུལ་ཏེ། །

ཕ་མའི་བཀའ་དྲིན་སོམས་པ། །

ན་མཉམ་གཞོན་ནུའི་རྒྱན་རེད། །

ཆང་རག་དུ་བའི་ཆེད་དུ། །

དངུལ་ལོར་བག་མེད་གཏོང་བ། །

ཕ་མའི་བཀའ་དྲིན་བརྗེད་པ། །

སློབ་གྲོགས་ཁྱོད་ཀྱི་མཚང་རེད། །

ཤེས་བྱའི་ལྡུམ་ར་འགྲིམ་ཞིང་། །

བཤེས་གཉེན་བཀའ་སློབ་སྲུང་ནས། །

རང་དགོས་ཤེས་བྱར་བརྩོན་པ། །

སློབ་མ་བཟང་པོའི་རྒྱན་རེད། །

དགོས་པའི་ཤེས་བྱར་མི་བརྩོན། །

མི་དགོས་དྲ་ཁང་འགྲིམ་སྟེ། །

ལང་ཚོ་སྟོང་ཟད་གཏོང་མཁན། །

ན་གཞོན་ཁྱོད་ཀྱི་མཚང་རེད། །

ཤེས་བྱ་རིག་གནས་སྦྱངས་ནས། །

སྤྱི་ཚོགས་འཚོ་བའི་ཁྲོད་དུ། །

རང་གཞན་གཉིས་ཕན་གནང་ན། །

གངས་ཕྲུག་གཞོན་ནུའི་རྒྱན་རེད། །

བརྩོན་པས་ཡོན་ཏན་མ་སྦྱངས། །

འདུ་འཛིའི་ཁྲོམ་ལམ་འགྲིམ་སྟེ། །

དོན་མེད་གཏམ་འཆལ་སྨྲ་བ། །

རང་རིགས་གཞོན་ནུའི་མཚང་རེད། །

ང་ལས་ཁྱོད་དམན་ཟེར་ཞིང་། །

རིགས་རུས་དབྱེ་བ་འབྱེད་ཀྱིན། །

མཐུན་སྒྲིལ་གསེར་ཟམ་བཤིག་མཁན། །

ང་རྒྱལ་དུག་ཆུའི་མཚང་རེད། །

མཐུན་སྒྲིལ་ལག་གདང་སྦྲེལ་ཞིང་། །

ཡ་རབས་སྲོལ་རྒྱུན་བསྐྱངས་ཏེ། །

བློ་རིག་གསལ་བའི་སྐབས་སུ། །

སྐྱོན་ཡོན་གསལ་བར་ཕྱེས་དང་། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明