ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་རྫོང་དེའི་དམངས་སྲིད་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། མལ་གྲོ་གུང་དཀར་གྲོང་རྡལ་འཕྲོད་བསྟེན་ཁང་བཅས་དང་མཉམ་དུ་རྒན་རྒོན་གྱི་གཟུགས་པོར་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ། སྨན་དོན་པས་རྒན་རྒོན་ཚོར་བདེ་ཐང་གི་ཡིག་ཚགས་བཟོ་བ་དང་གཅོང་ནད་བཅོས་ཐབས་སོགས་ཁྲིད་སྟོན་བྱས་པ་མ་ཟད། རྒན་རྒོན་ཚོར་ཁྲག་ཤེད་དང་ཁྲག་མངར་སོགས་ཀྱི་རྨང་གཞིའི་ནད་གཞི་ཡོད་མེད་ལ་བརྟག་དཔྱད་བྱས་ཏེ་སྨན་རིན་མི་དགོས་པར་སྨན་སྣ་ཁ་32ལྷག་ཙམ་སྤྲད་པ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།