西藏青年报藏文版གལ་ཆེའི་གསར་འགྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་བརྩམས་པ། བྱིས་པས་ཞབས་བྲོ་འཁྲབ་ནས་རྟེན་འབྲེལ་ཆེ་མོ་བསུ་བ།

放大 缩小 默认

རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་བརྩམས་པ།

ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པར་བརྟེན་དངོས་འཛིན་དངོས་སྒྲུབ་ཀྱི་ཚ་རླབས་ཤིག་འཕྱུར་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་ཐུགས་ཁུར་ཟབ་མོ་དང་དེ་བཞིན་བོད་ཀྱི་འཕེལ་རྒྱས་ལ་ཐུགས་རེ་ཟབ་མོ་བཅོལ་གནང་བ་ལས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་མདུན་སྐྱོད་སྒུལ་ཤུགས་ཀྱི་འབྱུང་རྩར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་སོགས་འགག་རྩའི་གནད་དོན་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད། ཆུ་ཚད་མཐོ་པོས་འགན་འཁྲི་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོས་མོལ་གྱི་གྲུབ་འབྲས་མང་པོ་ཏང་སྲིད་ཀྱི་ཐབས་ཇུས་སུ་བསྒྱུར་བ་བཅས་བྱས་ནས་གྲོས་མོལ་དམངས་གཙོའི་མངོན་གསལ་དོད་པའི་ལེགས་ཆ་མངོན་པར་བྱས་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་དང་གྲོས་གཞི་ཨུ་ལྷན་གྱི་ཀྲུའུ་རེན་བུ་དཀར་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་འབད་འབུངས་ཡར་བརྩོན་ལ་སྐུལ་ལྕག་ཐེབས་ཡོད་ལ། སྲིད་གྲོས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་གདེང་ཚོད་དང་ཆོད་སེམས་ལའང་སྐུལ་ལྕག་ཆེན་པོ་ཐེབས་ཡོད”ཅེས་བཤད།

ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་གཉིས་པའི་ལས་བྱེད་པ་ཚེ་རིང་བཀྲ་ཤིས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་ཡིག་ཕྲེང་ནས་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་གཅེས་པའི་ལྷག་བསམ་དག་པའི་བརྩེ་སེམས་མངོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘བླང་བྱ་ལྔ’སྤྱི་འདོམས་སུ་བྱེད་པ། གྲོང་ཚོའི(སྡེ་ཁུལ)‘ཨུ་ལྷན་གཉིས’ཀྱི་སྐབས་བརྗེའི་ལས་དོན་དང་ཟུང་འབྲེལ་བྱེད་པ། ‘ཨུ་ལྷན་གཉིས’ཀྱི་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག ‘མཉམ་ལྔ་བརྟན་ལྔ’ཡི་ཆ་འགྲིག་མཉམ་སྐྲུན་ལས་དོན་གཏིང་ཟབ་དང་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བཅས་ལ་སྔར་བས་ཁྲིད་སྟོན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་དགའ་གཅེས་ཟབ་མོ་མཐའ་མཚམས་ས་ཁུལ་གྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་མཐའ་མཚམས་ས་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་ཀྱི་ཡིན”ཞེས་བཤད།

བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱིས་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ཏང་ཀྲུང་དབྱང་གིས་བོད་ལ་བཙུགས་པའི་མཐོ་རིམ་སློབ་གྲྭ་དང་པོ་ཡིན་པའི་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་སློབ་གྲྭ་བཙུགས་ནས་ལོ་ངོ་60འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དང་མངགས་བཅོལ་སློབ་གཉེར་སློབ་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཕྱོགས་ཡོངས་ནས་ཁྱབ་པར་བྱེད་ཀྱི་ཡིན་ལ། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་མཐའ་འཁྱོངས་དང་། ‘དོན་ཆེན་བཞིར”དམིགས་ནས‘འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། རིག་ཚན་དང་ཆེད་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་ལེགས་སྒྲིག བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ཏེ་བདག་ཀྲུང་ཧྭ་ལ་དགའ་བའི་ས་བོན་སློབ་མ་ཚང་མའི་སེམས་དབུས་སུ་འདེབས་རྒྱུ་མ་ཟད། རང་འགུལ་ངང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ་དང་། རང་ངོས་ཀྱི་ཚན་རིག་ཞིབ་འཇུག་དང་ཤེས་ལྡན་པའི་ལེགས་ཆ་འདོན་པ། ཐོན་སློབ་ཞིབ་བཅས་མཉམ་ལས་ཧུར་ཐག་བཅས་བྱས་ཏེ་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

པ་སངས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明