西藏青年报藏文版གལ་ཆེའི་གསར་འགྱུར། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་མཉམ་དུ་གཏོད། ལྗོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་གྲོས་བསྡུར་སྤེལ་རེས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེང

放大 缩小 默认

ལྗོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་གྲོས་བསྡུར་སྤེལ་རེས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེང

ལྗོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་གྲོས་བསྡུར་སྤེལ་རེས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

འདི་ནི་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ་ཡིན།

“ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མ་འོངས་པའི་སྟོབས་ཤུགས་གསར་པ་ཞིག་ཡིན་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་ནི་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་སློབ་གྲྭ་ཆེན་པོ་ཞིག་ཡིན།”

ཟླ་6ཚེས་13ཉིན་ལྗོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་བརྙན་འཕྲིན་ཁ་པར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུ་དེ་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལྗོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་པད་མ་སྒྲོལ་དཀར་གྱིས་གཙོ་སྐྱོང་གནང་བ་རེད། ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་ཁག་གཅིག་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་། སློབ་གྲྭའི་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དང་སྔོན་ཐོན་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི། གྲོང་ཁྱེར་དང་ས་གནས་ཁག་གི་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་བཅས་ཀྱིས་ཡན་ལག་ཚོགས་ར་བཙུགས་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

རྒྱལ་ཡོངས་གཞོན་ནུ་ལོ་ཆུང་ཚོགས་ཆེན་ཐེངས་དགུ་པའི་འཐུས་མིས་རང་ཉིད་ཀྱི་དོན་དངོས་དང་འཚར་ལོངས་བྱུང་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་དང་ཤེས་རྟོགས་མཉམ་སྤྱོད་བྱས་པ།

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མི་ཚེ་དབང་བདེ་སྐྱིད་ཀྱིས་སྤོ་བོ་ཞི་ལགས་ཀྱི་རྟེན་འབྲེལ་འཕྲིན་ཡིག་ནང་དུ་ལོ་ཆུང་བྱིས་པར་སེམས་ཁུར་ཟབ་མོ་དང་རེ་བ་ཟབ་མོ་བཅངས་ཡོད་བས། ལོ་ཆུང་གདོང་ལེན་རུ་མི་ཞིག་ཡིན་པའི་ངོས་ནས་སྐེ་དར་དམར་པོ་ནི་གཟི་བརྗིད་ཅིག་ཡིན་པ་མ་ཟད་འགན་འཁྲི་ཞིག་ཀྱང་ཡིན། ངས་ལག་ལེན་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་ཏེ་བོད་བསྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཁྲག་རྒྱུན་ནང་དུ་འདྲེས་ནས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་ནས་རྒྱལ་གཅེས་ས་བོན་གངས་ལྗོངས་ས་མཐོའི་རྩ་བ་གཏིང་ཟབ་ཏུ་ཚུགས་སུ་འཇུག་རྒྱུ་ཡིན།

ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྦྲ་ཆེན་ཤང་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་ཟུར་ཁྲིད་པ་པ་སངས་དབང་འདུས་ཀྱིས་ལས་གནས་སུ་ལོག་རྗེས་ངས་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན། “བྱིས་པའི་གཏམ་དང་བྱིས་པའི་སྐད་ཆར་”བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཡག་པོ་བརྗོད་ཅིང་བྱེད་སྒོའི་རྣམ་པ་གསར་གཏོད་བྱས་ཏེ།“སྐེ་དར་དམར་པོའི་འཚར་ལོངས་བྱུང་བ།”“གད་སྙིགས་རིགས་དབྱེའི་གདོང་ལེན་ཆུང་བ།”“ས་མཐོའི་སྣོད་བཅུད་དང་ བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་”སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཕྲུ་གུ་རྣམས་ངལ་རྩོལ་སྦྱོང་བརྡར་དང་དང་བླངས་ཞབས་ཞུའི་ཁྲོད་འཚར་ལོངས་ཡོང་བའི་ཁྲིད་སྟོན་བྱེད་རྒྱུ་ཡིན། རང་འགུལ་ངང་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་ཀ་བྱེད་སྟངས་སློབ་སྦྱོང་བྱེད་པ་དང་། ལོ་ཆུང་བྱིས་པའི་སེམས་ཁམས་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པ། བྱེད་སྒོ་ཇུས་འགོད་དང་སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱིས་པ་ཚོའི་“གྲོགས་པོ་བློས་ཐུབ་”དང“སྣེ་ཁྲིད་པ”རུ་འབད་བརྩོན་བྱས་ནས་རུ་མི་རྣམས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྲུང་སྐྱོབ་པ་བྱེད་ཞིག་བྱེད།

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱལ་སྨན་ཤང་སློབ་ཆུང་ཕྱི་རོལ་གྱི་ཟུར་ཁྲིད་པའི་ཝུའུ་ཧྲུན་ཞིས་གཞི་རིམ་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་ཡིད་ཆེས་དང་མངགས་བཅོལ་ཆེན་པོ་དེ་ཕ་ཡུལ་དུ་རྩ་བ་ཚུགས་ནས་བྱིས་པར་ཞབས་འདེགས་ཞུ་བའི་སྤྲོ་སེམས་ཚད་མེད་དང་དངོས་སྒྲུབ་བྱ་སྤྱོད་དུ་བསྒྱུར་རྒྱུ་ཡིན། སེམས་པ་དང་བརྩེ་བ། ནུས་ཤུགས་བཅས་ཀྱིས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་དང་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་ཆེད་དུ་ང་ཚོའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

པད་མ་སྒྲོལ་དཀར་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་ཚོགས་ཆེན་ཐེངས་དགུ་པའི་སླད་ཕྱིན་ལོ་ལྔའི་རིང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཐད་ཀྱི་ཁྱོན་ཡོངས་ཀྱི་བཀོད་སྒྲིག་ལག་བསྟར་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་དམ་ཟབ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་གཏོང་བ། འགན་འཁྲི་ནན་ཏན་གྱིས་བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ལ་ཕྱོགས་ཡོངས་ནས་རོགས་རམ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明