西藏青年报藏文版གལ་ཆེའི་གསར་འགྱུར། མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད། བདེ་སྐྱིད་འབྲས་བཟང་ལྷག་པར་སྨིན། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྒྲིག་འཛུགས་བྱས་ནས་2025ལོའི་ཁོར་ཡུག་ཉིན་མོར་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

放大 缩小 默认

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྒྲིག་འཛུགས་བྱས་ནས་2025ལོའི་ཁོར་ཡུག་ཉིན་མོར་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

2025ལོ་ནི་“རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་”འདུ་ཤེས་ལྟ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བས། ཁོར་ཡུག་ཉིན་མོ་སླེབས་ལ་ཉེ་བའི་དུས་སུ་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་“མཛེས་པའི་ཀྲུང་གོ་ང་སྔོན་ལ་ཡོད”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། སྡེ་ཁག་མང་པོས་མཉམ་འབྲེལ་གྱིས་གསར་གཏོད་ཀྱི་རྣམ་པ་དང་། བརྗོད་བྱ་ཕུན་སུམ་ཚོགས་པོ་བཅས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བས། ལྗོངས་ཡོངས་སུ་ཁོར་ཡུག་སྲུང་སྐྱོང་གི་ཚ་རླབས་འཕྱུར་ནས་དམངས་ཡོངས་ཀྱིས་ཐུན་མོང་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

ཟླ་6ཚེས་5ཉིན་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་སེམས་མཐུན་ཐང་ཆེན་དུ་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ། ལྗོངས་ཆུ་བེད་ཐིང་། ལྗོངས་ཞིང་ལས་གྲོང་གསེབ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག“ལྷ་སའི་སྐྱིད་ཆུ་སྲུང་སྐྱོང་བྱ་སྤྱོད”ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས། དང་བླངས་པ་མི་གྲངས་600ལྷག་ཙམ་གྱིས་ཆུ་འགྲམ་གྱི་ལམ་ཐིག་སྤྱི་ལེ་10ཙམ་ལ་སྐོར་སྐྱོད་བྱས་ཏེ་ཆུ་ལམ་གྱི་གད་སྙིགས་གཙང་བཤེར་བྱས་པ་རེད།

བྱེད་སྒོ་སྤེལ་ཉིན་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭའི་དགེ་སློབ་མི་གྲངས་30ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། སྐྱེ་མེད་སྤྱི་པའི་དབྱེ་ཕྲལ་ཁང་དང་། ལྕགས་རིགས་དབྱེ་སེལ་ཁང་། གཞི་རྒྱུ་དབྱེ་ཞིབ་ཁང་། སྐྱེ་ལྡན་མདུན་ཐག་གཅོད་ཁང་། གློག་ཚོར་ཟུང་སྦྱོར་གྱེས་རྡུལ་མཉམ་གཟུགས་ཀྱི་སྤུས་ཤལ་ཁང་དུ་སྐྱེ་ཁམས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་རྒྱབ་ལྗོངས་དང་རྩ་བའི་རིགས་པ་འགྲེལ་བཤད་དང་། ཚོད་ལྟ་ཁང་གི་འཁོར་སྐྱོད་དང་ལྟ་ཞིབ་ཚད་ལེན་གྱི་བཀོལ་སྤྱོད་གོ་རིམ། ལྟ་ཞིབ་ཚད་ལེན་དཔྱད་ཆས་ཆེན་མོ། ས་གནས་ས་ཐོག་གི་དཔེ་སྒྲུག་ཞིབ་བཤེར་དབྱེ་ཞིབ་སོགས་སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་ཁག་ལ་ལྟ་སྐོར་བྱས་པ་རེད།

རང་སྐྱོང་ལྗོངས་ཁྱབ་འགྱེད་གློག་འཕྲོ་ཁོར་ཡུག་ལྟ་སྐུལ་ས་ཚིགས་ཀྱིས“ཁྱབ་འགྱེད་གློག་འཕྲོའི་ཁོར་ཡུག་སྲུང་སྐྱོབ་.རྒྱལ་ཁབ་བདེ་འཇགས་བརྟན་པོ་འཛུགས་པ་”གཙོ་བོར་དམིགས་ཏེ། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས། ལྗོངས་འཕྲིན་གཏོང་དོ་དམ་ཅུས། རྒྱལ་ཁབ་གློག་དྲྭ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སོགས་སྡེ་ཚན་6དང་མཉམ་འབྲེལ་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་རྒྱུན་ལས་ཨུ་ལྷན་དང་། བོད་ལྗོངས་སློབ་ཆེན། སྟོད་ལུང་བདེ་ཆེན་ཆུས་ཨུ་ལྷན་སྲིད་གཞུང་། སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་སོགས་མི་གྲངས་180ལྷག་ཙམ་གདན་ཞུས་ཀྱིས་ཁྱབ་འགྱེད་གློག་རླབས་སྒྲིག་ཆས་ཀྱི་ཚན་རིག་ཁྱབ་གདལ་ཤེས་བྱའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་ཚན་རིག་ཁྱབ་གདལ་དཔྱད་གཞི་900ལྷག་ཙམ་འགྲེམས་སྤེལ་དང་། སྨན་བཅོས་ལས་ཁུངས་ཀྱི་Xགློག་པར་འཕྲུལ་ཆས་དང་། DR DSAདང་ CTགློག་པར་འཕྲུལ་ཆས། གློག་ཤུགས་ལས་རིགས་ཀྱི་གློག་སྐྱེལ་གློག་སྒྱུར་སྐུད་ལམ་དང་གློག་སྒྱུར་ས་ཚིགས། འཕྲིན་གཏོང་ལས་རིགས་ལག་ཐོགས་ཁ་པར་དང་འཕྲིན་གཏོང་སྦྲེལ་ཚུགས། རླུང་འཕྲིན་བརྙན་འཕྲིན་ལས་རིགས་བརྡ་རྟགས་ཀྱི་གནམ་སྐུད་དང་དེ་བཞིན་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་རླབས་ཐབ་སོགས་ཁྱབ་འགྱེད་ཤུགས་རྐྱེན་གྱི་ཤེས་བྱ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པ་རེད།

གཞན་ཡང་ལོ་ཧྲིལ་པོའི་ཁོར་ཡུག་ཉིན་མའི་སྔ་རོལ་དུ་རང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སློབ་གྲྭ་འབྲིང་ཆུང་དུ་“སྐྱེ་ཁམས་ཁོར་ཡུག་ཁྱབ་གདལ་གྱི་སློབ་ཚན་གཅིག”གི་བྱེད་སྒོ་ཡོངས་ཁྱབ་ཏུ་སྤེལ་བས། སློབ་གྲྭ800ལྷག་ཙམ་གྱི་དགེ་སློབ་མི་གྲངས་ཁྲི་20ལྷག་ཙམ་གྱིས་ཇོ་རིའི་སྟེགས་བུའི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་ཁྱབ་གདལ་གྱི་དྲིལ་བསྒྲགས་པར་གཞིར་བལྟས་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明