འདི་ནི་བྱེད་སྒོའི་འཁྲབ་སྟོན་གྱི་གནས་ཡུལ་དངོས་ཡིནཔ་རེད།
ཉེ་ཆར་ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ཀྲུང་གོ་རིག་རྩལ་དང་བླངས་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རྨང་གཞི་སྟོབས་ཆེའི་ལས་གྲྭ་སྟེ་རིག་རྩལ་གྱིས་གཞི་རིམ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་རོགས་རམ་བྱེད་པའི“མི་དམངས་དང་མཉམ་དུ་འགྲུལ”ཀྲུང་གོའི་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་འཁྲབ་སྟོན་ལྷ་སར་འཚོགས་པ་རེད།
བྱེད་སྒོའི་ཁྲོད་འགོ་ཚུགས་པའི་གླུ་གར་《བོད་ལ་སྐུལ་ལྕག་བྱེད་པ》ཞེས་པའི་གླུ་གར་འཁྲབ་མ་ཐག་ཡུལ་དངོས་ཀྱི་རྣམ་པ་འབར་བ་དང་། རྔ་སྒྲ་མཁའ་དབྱིངས་སུ་གྲགས་པ་དང་ཞབས་བྲོའི་ཉམས་འགྱུར་འཁྲུག་པར། བོད་མི་དམངས་ཀྱི་སྤྲོ་སེམས་དང་དཔའ་ངར་མངོན་པ་རེད། དབྱི་རིགས་གཞོན་ནུ་གཞས་པ་ལྷ་དོན་གྲུབ་དང་འབྲོག་པ་གསར་པ་མཉམ་སྡེབ་ཀྱིས་འཁྱེར་ཡོང་བའི་གླུ་གློང《ཇོ་མོ་གླང་མ》ཞེས་པ་དེས་ལྟད་མོ་བ་གངས་རི་རྩེ་ཡི་མཛེས་སྡུག་ལྡན་པའི་རྣམ་འགྱུར་དུ་ཁྲིད་ཡོད། ཀྲུང་གོའི་ཟློས་གར་དཔྱིད་དབྱར་མེ་ཏོག་བྱ་དགའ་ཐོབ་མཁན་བོད་ཀྱི་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་དཔལ་ལྡན་དབང་ཕྱུགས་ཀྱིས་འཁྲབ་སྟོན་བྱས་པའི《བཀྲ་ཤིས་སྨོན་འདུན་》ཞེས་པ་དེས་ལྟད་མོ་བ་རྣམས་ལ་བོད་ཀྱི་ཟློས་གར་གཏིང་ཟབ་པའི་རྨང་གཞི་ཤེས་རྟོགས་ཐུབ་པ་དང་། སྤྱི་ཁྱབ་སྟེགས་བུའི་གཙོ་སྐྱོང་ཀྲུའུ་ཞུན་དང་བོད་ཀྱི་གྲོགས་ཆུང་ཞུས་རུའེ་ཁུན་ཅིས་མཉམ་དུ་འཁྲབ་སྟོན་བྱས་པའི《མཁའ་སྔོ་ཐོག་གི་སྤྲིན་པ》ཞེས་པ་དེས་བྱིས་པའི་མཛེས་སྡུག་དང་ས་མཐོའི་དྭངས་གཙང་གཉིས་དེ་བས་ལེགས་པར་མཉམ་འདྲེས་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པ་དང་བོད་ཀྱི་རིག་རྩལ་དང་བླངས་པས་ལག་གདང་སྦྲེལ་ནས་བཟོས་པའི་རིག་རྩལ་འཁྲབ་སྟོན་འདིས་གླུ་ཞབས་བྲོ། བོད་ཀྱི་ཟློས་གར། སྙན་ངག་ཀློག་འདོན། གཏམ་བཤད་སོགས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྣམ་པ་བརྒྱུད་ནས་ཏང་གི་བོད་སྐྱོང་ཐབས་ཇུས་ལ་བརྩེ་སེམས་ཟབ་མོས་བསྟོད་བསྔགས་གནང་སྟེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60རིང་གི་འགྱུར་ལྡོག་ཆེན་པོ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་མ་ཟད། མི་རིགས་ཁག་གི་བུ་ཕྲུག་གིས“ཏང་ལ་བཀའ་དྲིན་ཞུ་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ”བཅས་དུས་རབས་ཀྱི་བརྗོད་དོན་གཙོ་བོ་བློ་འདྲི་བྱས་ཡོད་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།