西藏青年报藏文版གལ་ཆེའི་གསར་འགྱུར། དོན་དག་ཆུང་ཙག་ནས་འགྱུར་ལྡོག་གཏོང་འགོ་ཚུགས་པ། རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་རང་རྟོགས་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་2025ལོར“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི”སློབ་གསོའི་ཆེད་དོ

放大 缩小 默认

རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་རང་རྟོགས་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་2025ལོར“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི”སློབ་གསོའི་ཆེད་དོ

འདི་ནི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་2025ལོར“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི”སློབ་གསོའི་ཆེད་དོན་འཆད་ཁྲིད་སྤེལ་བའི་ཚོགས་ར་ཡིན།

ལས་བྱེད་པ་དང་ལས་བཟོ་པའི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་བདེ་འཇགས་སློབ་གསོའི་ལས་དོན་རྒྱ་ཁྱབ་གཏིང་ཟབ་ངང་ཁྱབ་གདལ་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་ཆེད། ཟླ་4ཚེས་16ཉིན་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་”སློབ་གསོའི་ཆེད་དོན་འཆད་ཁྲིད་སྤེལ་བ་རེད།

འཆད་ཁྲིད་ནང་འབྲེལ་ཡོད་མཁས་ཅན་གདན་ཞུ་བྱས་ཏེ“སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་འདུ་ཤེས། ལས་འགན་འདུ་ཤེས་བཅས་ཆེ་རུ་གཏོང་དགོས་པར་”དམིགས་ནས་དོན་དངོས་ཀྱི་གྱོད་དཔེ་མང་པོ་དཔེ་བཞག་ནས་ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་ནི་བདེ་འཇགས་བརྟན་ལྷིང་དང་མི་རིགས་བསྐྱར་དར་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་པ་རེད།

ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྲེན་ཞའོ་ཡིས་“བོད་ལྗོངས་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་བཀག་རྒྱ་དང་སྐྱེ་ཁམས་བདེ་འཇགས་ཀྱི་བཀག་རྒྱ་གལ་ཆེན་ཞིག་ཡིན་པས། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་འཁུར་བཞིན་ཡོད། ཆེད་དོན་འཆད་ཁྲིད་སློབ་སྦྱོང་བྱས་པ་བརྒྱུད་ངས་རྒྱལ་ཁབ་བདེ་འཇགས་ལས་དོན་ཁྲོད་ཀྱི་མི་སྒེར་གྱི་འགན་འཁྲི་དང་ལས་འགན་ངོས་འཛིན་བྱུང་བ་བརྒྱུད། སླད་ཕྱིན་རང་ཉིད་ལ་སྔར་ལས་གཟབ་ནན་གྱིས་བླང་བྱ་བཏོན་ཏེ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་ནུས་པ་འདོན་རྒྱུ་ཡིན”ཞེས་བཤད་པ་རེད།

རྒྱལ་ཁབ་ཀྱི་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་མི་ཚང་མས་ཞུགས་ཆོག་པ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལེ་ཡིའུ་ཅུན་གྱིས་ “ང་ཚོས་ཆབ་སྲིད་བདེ་འཇགས་རྩ་བར་འཛིན་པ་དང་གཞོན་ནུ་ལོ་ཆུང་ཚོགས་སྤྱིའི་ལས་དོན་བྱ་ཡུལ་དུ་ལག་ལེན་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ལས་ཁུངས་ཀྱི་པུའུ་ཁག་དང་གཞུང་ལས་སོ་སོ། ཐད་གཏོགས་བྱ་གཞག་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་ཡོངས། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྱོན་མི་70ལྷག་ཙམ་ད་ཐེངས་སློབ་གསོའི་ཆེད་དོན་འཆད་ཁྲིད་ནང་ཞུགས་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明