西藏青年报藏文版ཕྱོགས་བསྡུས། ཁྲོམ་རའི་ཁོར་ཡུག་ལེགས་སུ་བཏང་། བློ་བདེའི་འཛད་སྤྱོད་ཐུབ་པར་བྱས། རང་ཁུལ་གྱི་ལས་སྟེགས་12315ཡིས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་1796ལྷག་ཙམ་ཕྱིར་སློག་བྱས་པ། གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པར་བཅོས་སྒྲིག་བྱེད་པ། མངའ་རིས་ས་ཁུལ་གྱི་ན་གཞོན་རྐང་འཛིན་དགེ་རྒན་ཧྲའན་ཤིས་སུ་གནས་སྦྱར་ཞིབ་སྦྱོང་དུ་བསྐྱོད་པ།

放大 缩小 默认

མངའ་རིས་ས་ཁུལ་གྱི་ན་གཞོན་རྐང་འཛིན་དགེ་རྒན་ཧྲའན་ཤིས་སུ་གནས་སྦྱར་ཞིབ་སྦྱོང་དུ་བསྐྱོད་པ།

ཉེ་ཆར། ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་མངའ་རིས་ས་ཁུལ་གྱི་ན་གཞོན་རྐང་འཛིན་དགེ་རྒན་ཧྲའན་ཤིས་སུ་བསྐྱོད་ནས་གནས་སྦྱར་ཞིབ་སྦྱོང་གི་བྱེད་སྒོ་བདེ་བླག་ངང་མཇུག་འགྲིལ་ཞིང་། ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཟླ་བ་གསུམ་ཙམ་ཡིན་པ་དང་། མངའ་རིས་ཚོད་ལྟའི་བུ་བཅོལ་ཁང་དང་། སྒར་རྫོང་བུ་བཅོལ་ཁང་། སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་གྲོང་གསར་བུ་བཅོལ་ཁང་བཅས་ཀྱི་ན་གཞོན་རྐང་འཛིན་དགེ་རྒན་དེའི་ནང་ཞུགས་ཡོད།

ཞིབ་སྦྱོང་བྱེད་རིང་། གནས་སྦྱར་དགེ་རྒན་གྱིས་རྣམ་པ་འདྲ་མིན་ཐོག་ནས་རང་ཉིད་ཀྱི་བྱང་ཚད་མཐོ་རུ་བཏང་བས་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད།

ད་ཐེངས་ཀྱི་ཞིབ་སྦྱོང་བྱེད་སྒོས་མངའ་རིས་ས་ཁུལ་གྱི་རྐང་འཛིན་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་དང་ཆེད་ལས་བྱང་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་། ཧྲའན་ཤིས་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་སློབ་གསོའི་ལས་དོན་པའི་དབར་གྱི་མཛའ་གཅུགས་དང་མཉམ་ལས་སྤེལ་རེས་སྔར་བས་ཟབ་ཏུ་ཕྱིན་ནས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明