西藏青年报藏文版ཕྱོགས་བསྡུས། “ཁྲིམས་ལུགས་འཆད་ཁྲིད”ཀྱི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས་པ། ན་ནིང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་4047ལྗོངས་ཕྱིར་ལས་ཞུགས་ཐུབ་པ། བོད་ཀྱི་ཞིང་ཐང་གང་སར་གཉའ་གཅོག་གི་མཛད་སྒོ་གཟབ་རྒྱས་འཚོགས་པ། ཡ་ང་བའི་རང་བྱུང་གནོད་འཚེ། ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2025ལོའི་ལོ་འཁོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ།

放大 缩小 默认

ན་ནིང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་4047ལྗོངས་ཕྱིར་ལས་ཞུགས་ཐུབ་པ།

ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་4047ལྗོངས་ཕྱིར་སྤུས་ཚད་མཐོ་པོས་ལས་ཞུགས་ཐུབ་ཡོད།

སྔར་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། བོད་སྐྱོར་ཀྲུང་དབྱང་ཁེ་ལས་བཅས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་དང་དེར་ལས་མི་བསྡུ་བའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཆེད་ལས་ཆ་སྒྲིག་ཚད་མཐོ་རུ་བཏང་ནས་ལྗོངས་ཕྱིའི་ལས་ཞུགས་ལས་གནས་ཁྲི་2.2བརྩོན་ལེན་བྱས་པའི་ནང་། ལས་ཁུངས་དང་བྱ་གཞག་ཚན་པའི་ལས་གནས་1083ཚུད་ཡོད། ཅང་སུའུ་དང་ཅི་ལིན་སོགས་ཞིང་ཆེན་གྱིས“ལྷུག་གཏོང་གསུམ་གྱི་སྲིད་ཇུས”(སློབ་རྒྱུས་དང་། ཆེད་ལས། ལས་གནས་བཅས་གསུམ་ལྷུག་གཏོང)བཟོས་ནས་ལས་མི་བསྡུ་བའི་ཚད་གཞི་འོས་འཚམ་དམའ་རུ་བཏང་བ་མ་ཟད། ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སིར་མཐུན་སྦྱོར་བྱས་ནས“གཏན་འཁེལ་གསུམ”(སློབ་བསྡུ་དང་། གསོ་སྦྱོང་། ལས་བཀོད་བཅས་གཏན་འཁེལ)གྱི་བྱེད་སྟངས་སྤྱད་དེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཀྱིས《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཏོན་ནས་སྤྱི་ཚོགས་འགན་བཅོལ་དང་། ཁྱིམ་འཛུགས་འགྲོ་གྲོན་སོགས་ལ་རོགས་རམ་ཁ་གསབ་ཁྱོན་སྒོར་དུང་ཕྱུར་9.8སྤྲད་པ་དེས་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་3.8ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་དང་། ད་དུང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་མཐུན་སྦྱོར་བྱས་ནས་སྡོད་ཁང་དང་། ཐེམ་ཐོ་བཟོ་བ། འཁོར་ཞག་འགྲོ་བ། བུ་ཕྲུག་སློབ་གྲྭར་གཏོང་བ་སོགས་ལའང་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་དོ་ཁུར་དང་གཅེས་སྐྱོང་སྔར་བས་ལྷག་པ་བྱས་པས། མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་བསྡུས་ཅན་དང་ཁ་གསབ་སྤྲོད་རེས་རྣམ་པའི་མ་ལག་ཅིག་ཆགས་ཡོད་པ་རེད།

པ་སངས་ཚེ་རིང་གིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明