西藏青年报藏文版ཕྱོགས་བསྡུས། མཚན་མོའི་དཔལ་འབྱོར་ལ་བརྟེན་ནས་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ། ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་གི་ཡིན། རང་འགུལ་ངང་འགན་འཁུར་བ་དང་བྱས་རྗེས་ཧུར་ཐག་བཞག་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་པ།

放大 缩小 默认

“བྱས་རྗེས་རིམ་པ་དང་པོ་འཇོག་མཁན་གྱི་གཞུང་ཞབས་པ”རིག་འཛིན་སྒྲོལ་མས་བརྗོད་དོན།

ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་གི་ཡིན།

བོད་དུ་ལྷག་བསམ་རྣམ་དག་གི་གཞུང་ཞབས་པའི་ཚོགས་པ་ཞིག་ཡོད། ཁོང་ཚོས་ལང་ཚོ་དང་རྔུལ་ཆུར་བརྟེན་ནས“མི་དམངས་ལ་ཞབས་འདེགས་ཞུ་བའི”བླ་ན་མེད་པའི་ཕུགས་བསམ་ལ་འགྲེལ་བཤད་རྒྱག་བཞིན་མཆིས། རིག་འཛིན་སྒྲོལ་མ་ནི་རང་ལྗོངས་ཀྱི་གཞུང་ཞབས་པའི་ཚོགས་པའི་ཁྲོད་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད།

པེ་ཅིང་སློབ་ཆེན་གྱི་རྩོམ་རིག་འབུམ་རམས་པ་ཡིན་པའི་རིག་འཛིན་སྒྲོལ་མས་ད་ཆ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པའི་འགན་འཁུར་གྱི་ཡོད། ལྷ་སར་འཚར་ལོངས་བྱུང་བའི་ཁོང་གིས་སྔར་ནས“ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་ལ་དྲིན་ལན་འཇལ་བའི”བླ་ན་མེད་པའི་ཕུགས་བསམ་འཆང་ཡོད།

2009ལོའི་ཟླ་7པར་ནན་ཅིང་སློབ་ཆེན་ནས་ཐོན་པའི་རིག་འཛིན་སྒྲོལ་མས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ“གྲོང་གསེབ་ལ་བྱས་རྗེས་འཇོག་པའི”ཐོག་མའི་བསམ་འདུན་འཆང་བཞིན་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གཙང་རྟོགས་ཤང་ལ་མོ་གྲོང་ཚོར་བསྐྱོད་དེ་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་ཞིག་བྱས། ལས་གནས་སུ་འབྱོར་རྗེས་ཁོང་གིས་སེམས་ནུས་ཡོད་རྒུ་གྲོང་གསེབ་གསར་པ་འཛུཌ་སྐྲུན་དང་། “ཞིང་གསུམ”ལ་ཞབས་ཞུ། དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ནང་བཞག་ཡོད། སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་ཞིག་ཡིན་པའི་ཁོང་གིས་རང་ཉིད་ནི་ཞིང་འབྲོག་མང་ཚོགས་ཀྱི་སྙིང་ཉེ་བའི་མི་ཞིག་དང་ལས་སྒྲུབ་ལས་གཏོད་ལ་སྣེ་འཁྲིད་མཁན་ཞིག་ཡིན་པ་གསལ་པོར་རྟོགས་ཡོད།

མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་དངོས་འབྲེལ་ཐོབ་པར་ངེས་པར་དུ་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོཌ་ལ་བྱ་བ་དངོས་སྒྲུབ་རོགས་དང་དཀའ་གནད་སེལ་རོགས་བྱེད་དགོས། དེར་བརྟེན་ཁོང་གིས་ཕྱོགས་ཁག་གི་སྨན་ཁང་དང་འབྲེལ་བ་བྱས་ཏེ་གྲོང་མིར་འོས་འགན་སྨན་བཅོས་དང་ཐག་རིང་འབྲོག་ཁུལ་དུ་བསྐྱོད་ནས་འབྲོག་པར་སྲིད་ཇུས་སྒྲོག་འགྲེལ་བྱས་ཤིང་། ན་གཞོན་ཏང་ཡོན“སྣེ་ཁྲིད་པ”ཁག་གཅིག་གསོ་སྐྱོང་བྱེད་པ་ནས་དུས་དང་རྣམ་པ་ཀུན་ཏུ་འགན་ལེན་ལྔའི་དུད་ཚང་གི་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་པའི་བར། ལ་མོ་གྲོང་ཚོར་ཁོང་གིས་མ་བསྐྱོད་པའི་ས་ཆ་གཅིག་ཀྱང་མེད་པ་རེད། དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་དེ་དག་ལས་རིག་འཛིན་སྒྲོལ་མར་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་པ་རེད།

2020ལོར་པེ་ཅིང་སློབ་ཆེན་གྱི་འབུམ་རམས་པའི་སློབ་གནས་རག་རྗེས་གདམ་ག་དང་འགྲན་སློང་མང་པོའི་མདུན་དུ། རིག་འཛིན་སྒྲོལ་མས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྔར་བཞིན་བོད་དུ་ལོག་རྒྱུའི་ཐག་བཅད་པ་རེད།

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་ཅུས་སུ་ལས་ཀ་བྱེད་རིང་ཁོང་གིས་སྟག་རྩེ་ཆུས་ཀྱི་ཚོང་འགུག་ལས་དོན་གྱི་དཀའ་གནད་ནན་ཏན་ངང་གསེད་བཀྲོལ་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྣེ་ཁྲིད་དེ་སྟག་རྩེ་ཆུས་ཀྱི་ཚོང་འགུག་གཟིགས་སྐྱོང་སྲིད་ཇུས་ལ་འཆར་འགོད་གཏན་འབེབས་བྱས་པ་རེད།

ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་ཞབས་ཞུའི་བྱེད་ཐབས་དོན་འཁྱོལ་ཐད་རིག་འཛིན་སྒྲོལ་མས་ཁེ་ལས་དང་རྣམ་གྲངས་དབར་སྤེལ་རེས་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། “ཚོང་ཕྲུག”གི་སྙིང་སྟོབས་ཐོག་ནས་གནད་སྨིན་རོགས་སྐྱོར་དང་འགག་རྩ་སྲུང་སྐྱོང་བྱས་ཡོད། སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁོང་གི་རྒྱུན་སྲིང་ལྷོད་མེད་ཀྱི་འབད་བརྩོན་འོག ཁེ་ལས་མང་པོ་ཞིག་སྟག་རྩེར་གཞིས་ཆཌ་པ་མ་ཟད་རྒྱ་སྟོབས་ཆེ་རུ་ཡང་སོང་ཡོད།

རིག་འཛིན་སྒྲོལ་མའི་སྣེ་ཁྲིད་འོག 2023ལོར་སྟག་རྩེ་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དང་། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར། ཚོང་འགུག་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་བཅས་ཚང་མ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལས་བརྒལ་ནས་ལེགས་སྒྲུབ་བྱས་པ་རེད།

“ང་རང་གཞུང་ཞབས་པ་ཞིག་ཡིན་པའི་ཆ་ནས། ངའི་ཕྲག་སྟེང་གི་འགན་འཁྲི་དང་ལས་འགན་གསལ་པོར་རྟོཌ་ཀྱི་འདུག གངས་ལྗོངས་ས་མཐོར་མུ་མཐུད་བརྟན་སྲུང་བྱས་ཏེ་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་མི་དམངས་ལ་ཞབས་འདེཌ་ཞུ་གི་ཡིན། ང་ཚོ་ཚང་མས་རང་འཁྲིའི་ལས་གནས་ལ་གཞིས་བཙུཌ་ཏེ་སེམས་ནུས་ཡོད་རྒུ་བཏོན་ཚེ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་རིག་འཛིན་སྒྲོལ་མས་བརྗོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明