2024ལོར་བོད་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་དུས་རབས་གསར་པའི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཅིག་སྡུད་རེས་སྐོར་སྦྱོང་བརྡར་གཏིང་ཟབ་བྱེད་པའི་ཁྲོད་སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་གཅིག་ཏུ་བསྡུས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཞིབ་ཕྲའི་ལག་ལེན་ཁྲོད་རྩ་འཛུགས་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་ཁྲོད་འགན་ནུས་ཧུར་ཐག་འདོན་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཁྲོད་ཏང་སྲོལ་དང་སྲིད་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་ལས་བྱེད་པ་དང་། རྩ་འཛུགས། སྒྲིག་ཁོངས། བོད་སྐྱོར། ཤེས་ལྡན་པ། ཏང་ཡོན་བཅས་དང་དེ་བཞིན་རང་ངོས་འཛུགས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི“1+6+1”གི་ལས་ཀའི་བཀོད་པ་འཛུགས་སྐྱོང་བྱེད་རིང་སྒྱུར་བཅོས་གསར་གཏོད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་ཀྱིས་ལས་སྒྲུབ་ལས་གཏོད་ལ་ཕྱོགས་སྟོན་སྣེ་ཁྲིད་བྱས་ཤིང་། ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ“བློ་ཁོག་ཆེན་པོ་ལྔས་བསྐྱར་བསྐོས་བྱེད་པ”དམ་འཛིན་བྱ་གཞི་དང་། སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཤུགས་རྒྱག་སར་བརྩི་བ། “བྱེད་འདོད་མེད་པ་དང་། འགན་འཁུར་མི་ཕོད་པ། ཡར་བརྩོན་བྱེད་འདོད་མེད་པ། ཏན་ཏིག་མིན་པ། གུས་སྐྲག་མི་ཤེས་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འགག་གནད་སྒྲོལ་ས་བཅས་སུ་བྱས་ཏེ། སེམས་མཐུན་རྡོག་རྩ་གཅིག་སྒྲིལ་དང་ངར་ཤུགས་ཆེན་པོས་ལས་ཀ་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད། མི་སྣ་འདེམས་སྤྱོད་ཀྱི་སྤུས་ཚད་མཐོ་རུ་དང་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལྷག་པར་དུ“འགོ་ཁྲིད་ཨང་དང་པོ”ལེགས་འདེམས་ཧྲག་འདེམས་བྱས་ཏེ་འབྱུང་འགྱུར་ལོ་10དང་ལོ་20ཡི་འཕེལ་རྒྱས་དགོས་མཁོར་དམིགས་ནས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་ཤུགས་ཆེན་བྱས་པ་དང་བུད་མེད་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་སྤྱི་འདོམས་ངང་བེད་སྤྱོད་ཡག་པོ་བྱས་ཏེ། ལས་བྱེད་པའི་དཔུང་ཁག་གི་ཕྱོགས་ཁག་གི་གྲུབ་ཆ་བཟང་སྒྲིག་ཤུགས་ཆེན་བྱས་པ་རེད། གོ་གནས་སྤར་ནས་བཀོལ་སྤྱོད་བྱས་པ་དང་གནས་རིམ་སྤར་བའི་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་ལས་བྱེད་པ་ཚང་མ་འགན་འཁུར་ཕོད་པ་དང་ལས་རྗེས་མངོན་གསལ་དོད་པའི་ལས་བྱེད་པ་ཡིན་ལ་དམངས་གཙོའི་འོས་སྦྱོར་བྱེད་ཚད་ཡོངས་ཁྱབ་ཏུ་85%ཡན་ཟིན་ཡོད།
དཔྱད་ཞིབ་ལ་བརྟེན་ནས་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ལ་བརྟེན་ནས་མི་སྣ་འདེམས་རྒྱུ་མངོན་གསལ་དོད་དུ་བཏང་སྟེ། ཕྱོགས་བསྡུས་དཔྱད་ཞིབ་སྒྱུར་བཅོས་ཀྱི་ཕན་འབྲས་གང་ལེགས་མངོན་ཞིང་། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་བཏོན་ནས་ས་ཁུལ་དང་གྲོང་ཁྱེར་དང་། ལྗོངས་ཐད་གཏོགས་ཚན་པ། མཐོ་སློབ། གཞུང་ཁོངས་ཁེ་ལས། དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཕྱོགས་བསྡུས་དཔྱད་ཞིབ་བྱེད་ཐབས་ལྔ་ཁྱབ་ཁོངས་དབྱེ་བ་དང་ཧེ་བག་ཡོད་པའི་ངང་བཟོས་ཏེ་ས་ཁུལ་དང་གྲོང་ཁྱེར་གྱི“1+1”དཔྱད་ཞིབ་མ་ལག་བཙུགས་པ་དང་དཔྱད་ཞིབ་སྟོན་རྟགས་ཁུ་བསྡུ་དང་དཔྱད་ཞིབ་དོན་ཚན་ཟླ་སྒྲིལ་བཏང་སྟེ་དར་ཆ་གསལ་སྟོན་ངང་ལེགས་པར་བྱ་དགའ་དང་ཞན་པར་ཆད་གཅོད་བྱས་པ་རེད། ཕྱོགས་བསྡུས་དཔྱད་ཞིབ་དང་ཕུལ་བྱུང་ལས་བྱེད་པར་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱིས་གོ་གནས་སྤར་ནས་བཀོལ་སྤྱོད་བྱས་པའི་ལས་བྱེད་པ་95%ནི་དཔྱད་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་ཕུལ་བྱུང་ལས་བྱེད་པའམ་ཡང་ན“ཕུལ་བྱུང”རིམ་པར་བདམས་པའི་ལས་བྱེད་པ་ཡིན་པས་ལས་ཀ་ཡག་པོ་དང་། དཔྱད་ཞིབ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་པའི་སྟོན་ཕྱོགས་ཆགས་ཡོད།
ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་ནུས་གསོག་ནུས་སྦྱིན་བྱ་རྒྱུར་མཐོང་ཆེན་བྱས་ཏེ“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”སྤྱི་འདོམས་ལག་བསྟར་བྱས་ཤིང་། ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ལ་ཁ་གཏད་གཅོག་རྒྱུར་དམིགས་ནས་མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བླང་བྱ་ལྔ”དེ“20+10”ཡི་ཞིབ་ཕྲའི་བྱེད་ཐབས་སུ་དོན་འཁྱོལ་ཚགས་ཚུད་བྱས་ཡོད། དགོས་མཁོའི་སྟོན་ཕྱོགས་ལ་གཞི་ཚུགས་པ་དང་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“མཉམ་ལྔ་བརྟན་ལྔའི”ཆ་འགྲིག་མཉམ་སྐྲུན་གསར་གཏོད་ཀྱིས་ལག་བསྟར་བྱས་པ་རེད། ཏང་འཛུགས་སྐྱོང་གིས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་བྱེད་ཐབས་21བཟོས་པ་དང“ཁྲོམ་གཞུང་ལས་དོན་ཨུ་ལྷན་ཆེན་པོ་དང་། སྡེ་ཁུལ་ཏང་ཨུད་ཆེན་པོ། དྲ་རྒྱའི་ཏང་ཀྲི་པུའུ། ཁང་སྟར་ཏང་ཚོགས་ཆུང་། ཏང་ཡོན་ལྟེ་གནས་དུད་ཚང”བཅས་རིམ་ལྔའི་རྩ་འཛུགས་སྦྲེལ་ཐག་གསར་གཏོད་བྱས་ནས་བཙུགས་ཏེ། བོད་དུ་སྡེ་ཁུལ་ལས་དོན་པའི་ལས་རིགས་མ་ལག་ཐོག་མར་བཙུགས་པ་རེད། གྲོང་རྡལ་ཁྲོམ་གཞུང་དུ་བསྒྱུར་བ་དང་། གྲོང་ཚོ་སྡེ་ཁུལ་དུ་བསྒྱུར་བ། དྲ་མིག་ལེགས་སུ་གཏོང་བ་བཅས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་རེད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་རྫོང་དང་ཤང་ནས་གཡར་བའི་ལས་བྱེད་པ་ཕྱིར་སློག་བྱས་ཡོད། གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཀྱི་མིང་བཏགས་ནས་གཟེངས་བསྟོད་བྱེད་པ་དང་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་གྲལ་བཤེར་དག་ཐེར་བྱས་ཡོད། དགའ་བདེ་སྐྱེ་ཁམས་ཕྱུགས་ལས་དང་གངས་རིན་པོ་ཆེའི་ཡུལ་སྐོར་ཞབས་ཞུ་སོགས་ལོ་རེར་ཡོང་འབབ་སྒོར་ཁྲི་2000ཡན་ཟིན་པའི་གྲོང་ཚོ་རིམ་པའི་སྣེ་ཁྲིད་ཁེ་ལས་ཁག་གཅིག་བསྐྲུན་ནས་མཛེས་སྡུག་ལྡན་པའི་གསར་བརྗེའི་གྲོང་ཚོ་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས“གསེར་སྙེ་ཞིང་ཕན་ཀུན་སྒྲུབ”ཀྱི་ཞབས་ཞུའི་ས་ཚིགས་སྲིད་འཛིན་གྲོང་ཚོ(སྡེ་ཁུལ)ཡོངས་ལ་ཁྱབ་པ་རེད།
རྣམ་པ་གསར་གཏོད་དང་བཀོད་པ་ལེགས་སུ་བཏང་ནས་གྲོང་སྡོད་ལས་དོན་ལ་གསོན་ཤུགས་གསར་པ་འཕེལ་བར་སྐུལ་འདེད་བཏང་ཞིང་། གྲོང་སྡོད་བཀོད་པ་བསྐྱར་སྒྲིག་བྱས་ནས“རྫོང་གཅིག་ལ་གྲོང་སྡོད་སྤྱི་ཁྱབ་སྣེ་ཁྲིད་པ་གཅིག་དང་། ཤང་གཅིག་ལ་གནས་སྐབས་ཏང་ཀྲི་པུའུ་གཅིག གྲོང་ཚོ་གཅིག་ལ་ཧྲུའུ་ཅི་དང་པོ་གཅིག”བཅས་ཀྱི་ལས་ཀའི་མ་ལག་བཙུགས་ཏེ། མངགས་གཏོང་ལས་བྱེད་པ་དང་གྲོང་ཚོ་རིམ་པའི་སྟོབས་ཤུགས་གནད་སྨིན་མཉམ་སྒྲིག་བྱེད་པར་སྐུལ་འདེད་བཏང་ཡོད། གྲོང་སྡོད་ལས་བྱེད་པ་འདེམས་གཏོང་དོ་དམ་བྱེད་ཐབས་དང་དཔྱད་ཞིབ་བྱེད་ཐབས་བཟོས་ནས། བཅའ་སྡོད་གོང་གི་གསོ་སྦྱོང་ཡོངས་ཁྱབ་ཐུབ་པར་དམ་འཛིན་ཡག་པོ་བྱེད་པ་དང་། “ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་ཁག་ལ་བརྟག་ཞིབ་ཆེན་པོ”སྒྲིག་འཛུགས་བྱས་ཏེ་མི་དང་། སེམས་པ། བརྩེ་བ་བཅས་ཚང་མ་གནས་ཐུབ་པར་སྐུལ་འདེད་བཏང་ཡོད། སྐུལ་སློང་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་གྲོན་དངུལ་དོན་འཁྱོལ་བྱས་ནས་གྲོང་སྡོད་ལས་བྱེད་པ་ཡོངས་ལ་མི་ལུས་བསམ་འདས་རྨས་སྐྱོན་འགན་བཅོལ་ཉོས་ཡོད། གྲོང་སྡོད་རུ་མི་མང་པོ་གོ་གནས་སྤར་བའམ་ཡང་ན་གནས་རིམ་སྤར་ནས་གྲོང་སྡོད་ལས་དོན་དེ་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་དང་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་བཏང་ནས་ལས་བྱེད་པ་དང་ཤེས་ལྡན་པའི་བོད་སྐྱོར་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་ཞིང་། རྒྱལ་ཡོངས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་དྲ་ཐོག་འགྲེམས་སྟོན་ཡག་པོ་གཉེར་ཏེ། ཚོགས་པ་466དང་མི་ཁྲི་2.6ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱས་པ་དང་། དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་220ལྷག་ཙམ་ཟིན་པ། “བོད་ཀྱི་སྤུས་ལེགས་ཐོན་རྫས”ཀྱི་དྲ་ཐོག་ཚོང་གྲོང་དུས་མཉམ་དུ་བཏོན་པ་དང་བྲིན་ཚོང་བྱེད་ཚད་སྒོར་ཁྲི་1000ལྷག་ཙམ་ཟིན་ཡོད། “རིག་ལྡན་སྨན་བཅོས”དང“རིག་ལྡན་སློབ་གསོ”ཁྱབ་གདལ་བཏང་བ་དང་། རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་སྨན་དོན་པར་ལས་རིགས་ཐོབ་ཐང་མེད་པའི་གནད་དོན་འགག་སྒྲོལ་བྱས་ནས“ས་མཐོར་གཞི་ཚུགས། སེམས་ཁམས་བློ་སྦྱོང”སོགས་སྤུས་ལེགས་སློབ་ཚན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད། “ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཆེད་ལས་ལག་རྩལ་ཤེས་ལྡན་པས་བཟུང་བའི་བསྡུར་ཚད་དེ་ཁག་རིམ་བྱུང་གི་མཐོ་ཤོས་སུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།
སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་དམིགས་ནས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ནན་པོ་དང་ཏན་ཏིག་བརྒྱབ་ཅིང་། ལྗོངས་ཡོངས་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ལས་ཐོག་ལས་བྲལ་དང་། དྲ་ཐོག་དྲ་ཕྱི། རྒྱུན་ལྡན་འཕྲལ་མཁོ་བཅས་ཟུང་དུ་འབྲེལ་བའི་ཏང་ཡོན་གྱི་ནུས་པ་འདོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། 《རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོ་གསོ་སྦྱོང་ལས་དོན་གྱི་འཆར་འགོད(2024ལོ་ནས་2028ལོ་བར)》ལག་ལེན་བསྟར་ནས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་རིམ་པ་དང་རིགས་དབྱེ་ནས་སྤེལ་ཡོད། ལོ་ལྟར་ཏང་ཡོན་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་འཆར་གཞི་བཟོས་པས་ལྗོངས་ཡོངས་ཀྱི་ཏང་ཡོན་བསྡོམས་འབོར་རྒྱུན་མཐུད་མང་དུ་ཕྱིན་ཡོད། 《ཏང་ཞུགས་རེ་འདུན་ཞུ་ཡིག》གི་ཨང་སྒྲིག་དོ་དམ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། ཏང་ཡོན་སྒྲིག་འཛུགས་ཀྱིས་སྡེ་ཁུལ་དུ“འབྱོར་ཐོ་གཉིས་བཀོད”དེ་དང་བླངས་ཞབས་ཞུ་ཐེངས་ཁྲི་30ལྷག་ཙམ་བསྒྲུབས་ཡོད། ཏང་ནང་ཁུལ་གྱི་སྐུལ་གཏོང་ཐུགས་ཁུར་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ནས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་སོགས་མི་ཐེངས་ཁྲི་13ལྷག་ཙམ་ལ་འདྲི་རྟོགས་འཚམས་འདྲི་བྱས་ཤིང་། འཚོ་བའི་ཁ་གསབ་ཁྱོན་དངུལ་སྒོར་དུང་ཕྱུར་1.2སྤྲད་པ་བཅས་རེད།
བསོད་བདེ་ཆེ་བ་དང་པད་ཆོས་ཀྱིས་བསྒྱུར།