西藏青年报藏文版གལ་ཆེའི་གསར་འགྱུར། མཐུན་སྒྲིལ་གླུ་དབྱངས་རྣ་བར་སྙན། ལྷད་མེད་བརྩེ་སེམས་མཚོ་ལས་ཟབ། དགའ་སྤྲོའི་ངང་ལོ་གསར་བསུས།

放大 缩小 默认

དགའ་སྤྲོའི་ངང་ལོ་གསར་བསུས།

འདི་ནི་བྲག་ཡིབ་ཆུས་བུ་ཆུང་ཤང་གི་ཞིང་འབྲོག་པའི་འཁྲབ་སྟོན་རུ་ཁག་གིས་གར་འཆམ་འཁྲབ་བཞིན་པ།

ཟླ་2ཚེས་15ཉིན་གྱི་སྔ་དྲོ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི“བྲག་ཡིབ་པའི་གཟའ་མཇུག”གི“བཀྲ་ཤིས་ལོ་གསར་བསུ་བའི”བོད་ཀྱི་ལོ་གསར་གྱི་གླིང་གཏོང་བྱེད་སྒོ་ཀོང་པོ་སྤྱི་གླིང་དུ་སྤེལ་བ་རེད།

བྱེད་སྒོར་ཁྱོན་མི་རིགས་ལག་ཤེས་བཟོ་རྩལ་སོགས་ཁྲོམ་བཀྱག་30ལྷག་ཙམ་བཙུགས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་5(དྲ་ཐོག་ནས་བཙོངས་པ་ཚུད་པ)ཟིན་པ་དང་། གྲོང་མིར་ལག་རྟགས་130ལྷག་ཙམ་སྤྲད་པ། ཡུལ་སྐོར་བ་དང་མང་ཚོགས་མི་ཐེངས་700ལྷག་ཙམ་བྱེད་སྒོར་ཞུགས་ཡོད། དེ་དང་ཆབས་ཅིག “བྲག་ཡིབ་ཀྱི་རིག་གནས་ཡུལ་སྐོར”དང“བྲག་ཡིབ་ཀྱི་མཉམ་འདྲེས་སྨྱན་སྦྱོར”སོགས་དྲ་རྒྱའི་ལས་སྟེགས་དང་དེ་བཞིན་དམིགས་བསལ་གདན་འདྲེན་ཞུས་པའི་མི་སྒེར་གྱིས་དྲ་ཐོག་ནས་ད་ཐེངས་ཀྱི་བྱེད་སྒོ་ཐད་གཏོང་བྱས་པར་བལྟ་མཁན་མི་ཐེངས་ཁྲི་5ལྷག་ཙམ་ཟིན་ཡོད་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明