西藏青年报藏文版གལ་ཆེའི་གསར་འགྱུར། 2024ལོར་ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་སླར་གསོ་རྒྱུན་མཐུད་བྱུང་བ། ས་བབ་མཐོ་ཚད་སྨི་5070ཟིན་པའི་དཀའ་ཚེགས་ཆེ་བའི་ཁུལ་གྱི“ཚེ་སྲོག་ཁང་པ” བོད་ལྗོངས་དིང་རིར“སེམས་ཁམས་བསྐྱར་འཛུགས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱེ་ནས་སེམས་ཁམས་དགེ་རྒན་གསོ་སྦྱོང”གིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

放大 缩小 默认

བོད་ལྗོངས་དིང་རིར“སེམས་ཁམས་བསྐྱར་འཛུགས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱེ་ནས་སེམས་ཁམས་དགེ་རྒན་གསོ་སྦྱོང”གིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

ས་ཡོམ་གྱི་གནོད་འཚེ་ཐོན་རྗེས། དངོས་ལུགས་རིམ་པའི་བསྐྱར་སྐྲུན་ནར་འགྱངས་བྱེད་མི་རུང་བ་སྨོས་མེད་ཡིན་མོད། འོན་ཀྱང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ཁམས་བསྐྱར་སྐྲུན་ལ་ཡང་སྣང་ཆུང་བྱེད་མི་རུང་། དིང་རིར་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་སེམས་ཁམས་ཀྱི་གྲིབ་ནག་ལས་ཐར་ནས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱ་རྒྱུར་རོགས་རམ་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་མཉམ་འབྲེལ་ཐོག་བོད་ལྗོངས་དིང་རིར་ས་ཡོམ་བརྒྱབ་རྗེས་ཀྱི་སེམས་ཁམས་མཛུབ་ཁྲིད་དགེ་རྒན་གསོ་སྦྱོང་དང་སེམས་ཁམས་བདེ་ཐང་གི་ཐེ་གཏོགས་ལག་དེབ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཆེད་ལས་གསོ་སྦྱོང་བརྒྱུད་ནས་སེམས་ཁམས་སྣེ་ཁྲིད་མི་སྣའི་ཆེད་ལས་རྩལ་ནུས་ཆེ་རུ་གཏོང་བ་དང་། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་ཆེད་ལས་ཀྱི་སེམས་ཁམས་དོ་ཁུར་དང་དེ་བཞིན་རྒྱུན་མཐུད་ཀྱི་སེམས་ཁམས་ལ་རྒྱབ་སྐྱོར་བྱས་ཏེ་གནོད་འཚེ་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་ཡིད་ཆེས་སྤྲོད་རྒྱུ་དེ་ཡིན་པ་རེད། ད་ཐེངས་གསོ་སྦྱོང་ལ་པེ་ཅིང་སློབ་ཆེན་གྱི་སྨན་ཁང་ཁག་དྲུག་པ་དང་། པེ་ཅིང་ཨན་ཏིང་སྨན་ཁང་། སི་ཁྲོན་ཞིང་ཆེན་སེམས་ཁམས་གསོ་རིག་ལྟེ་གནས་བཅས་ནས་ཡོང་བའི་སེམས་ཁམས་ཁྱབ་ཁོངས་སུ་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་ཅན་གསུམ་གདན་འདྲེན་ཞུས་ནས་སློབ་ཁྲིད་གནང་བ་རེད།

གསོ་སྦྱོང་གི་ནང་དོན་ནང་གློ་བུར་གྱི་དོན་རྐྱེན་ས་གནས་ས་ཐོག་གི་འཇིག་ཉེན་ལ་དོ་ཁུར་དང་། སེམས་ཁམས་བདེ་ཐང་གི་གནད་དོན་རྩད་གཅོད་དང་རིམ་པ་དབྱེ་ནས་དོ་དམ། གནོད་འཚེའི་རྗེས་ཀྱི་མི་སྣའི་སེམས་ཁམས་བདེ་ཐང་སྲུང་སྐྱོང་སོགས་སེམས་ཁམས་ལ་དོ་ཁུར་བྱེད་པའི་རིགས་པའི་གཞུང་ལུགས་ཤེས་བྱ་དང་དངོས་སྤྱོད་ཐབས་རྩལ་ཚུད་ཡོད་པ་རེད། སྦྱོང་བརྡར་ནང་ཞུགས་མཁན་གྱི་གྲས་སུ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། བོད་ལྗོངས་སྨན་རྩིས་ཁང་། བསམ་འགྲུབ་རྩེ་ཆུས་མི་དམངས་སྨན་ཁང་བཅས་ཀྱི་རྨས་སྐྱོན་དང་། སྨན་བཅོས། སྐྱོབ་བཅོས་ནང་ཞུགས་པའི་སྨན་བཅོས་མི་སྣ། དིང་རི་དང་། ལྷ་ཙེ། གཏིང་སྐྱེས། ས་སྒ། ངམ་རིང་། ས་སྐྱ་རྫོང་གི་རྫོང་ལྟེ་བའི་སྨན་ཁང་དང་། ཤང་གྲོང་འཕྲོད་བསྟེན་ཁང་། བཀོད་སྒྲིག་ཁུལ་གྱི་སྨན་བཅོས་ས་ཚིགས་བཅས་ཀྱི་སྨན་བཅོས་མི་སྣ་100ལྷག་ཙམ་བཞུགས་ཡོད་པ་རེད།

དེ་རྗེས་སུ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་གཞིས་རྩེ་གྲོང་ཁྱེར་ལ་བོད་རྒྱ་སྐད་གཉིས་པར་གཞིའི་སེམས་ཁམས་བདེ་ཐང་གི་ཐེ་གཏོགས་ལག་དེབ་600ལྷག་ཙམ་ཞལ་འདེབས་ཕུལ་ནས་སེམས་ཁམས་དོ་ཁུར་ལས་དོན་ལ་རིགས་པའི་གཞུང་ལུགས་དང་བཀོལ་སྤྱོད་ཀྱི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཏེ། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་གེགས་ཁུལ་གྱི་མང་ཚོགས་སྔ་ཙམ་ས་ཡོམ་གྱི་གྲིབ་ནག་ལས་ཐར་ནས་སླར་ཡང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明