西藏青年报藏文版གལ་ཆེའི་གསར་འགྱུར། ཡར་ཀླུང་ཞིང་ས་གཤིན་པོ་རུ། ཐོན་ལས་མེ་ཏོག་རབ་ཏུ་བཞད། ལས་བཟོ་མང་ཚོགས་ལ་ཨ་མའི་ཁྱིམ་མི་ལྟར་སྙིང་ཉེ་བ་ཡག་པོ་ཞིག་བྱས་པ། མཐའ་མཚམས་ལ་སྙིང་རྗེ་དང་བརྩེ་དུང་ཟབ་མོ་བཅངས་ཏེ་སྤྱི་ཕན་གྱིས་དམངས་སེམས་ལ་དྲོ་སྐྱིད་འཕུལ།

放大 缩小 默认

བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས།

ལས་བཟོ་མང་ཚོགས་ལ་ཨ་མའི་ཁྱིམ་མི་ལྟར་སྙིང་ཉེ་བ་ཡག་པོ་ཞིག་བྱས་པ།

བཟོ་ཚོགས་ཀྱི་གཞི་རྩའི་འགན་འཁྲི་ནི་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་ལྷག་བསམ་རྣམ་དག་གིས་ལས་བཟོ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན།

ཉེ་བའི་ལོ་འགའི་རིང་ལ། རང་ལྗོངས་ཀྱི་རིམ་པ་ཁག་གི་བཟོ་ཚོགས་ཀྱིས་ལས་བཟོ་པར་ཞབས་འདེགས་ཞུ་ཆེད། “དྲ་འོག་དང་དྲ་ཐོག” “གནད་འཁེལ་རང་བཞིན།”“ སྤྱི་ཕན་རང་བཞིན”གྱི་ཞབས་ཞུའི་མ་ལག་བཙུགས་ནས་ལས་བཟོ་མང་ཚོགས་ལ་ཨ་མའི་ཁྱིམ་མི་ལྟར་སྙིང་ཉེ་བ་ཡག་པོ་ཞིག་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“རྒྱལ་སྒོ་སྲུང་སྐྱོབ”ཀྱི་བརྗོད་བྱ་གཙོ་བོར་བྱས་པའི་བཟོ་ཚོགས་ཀྱི་གཡུལ་ས་འཛུགས་སྐྲུན་ལག་བསྟར་བྱས་ནས་མཐའ་མཚམས་རྫོང་དང་ཤང་གི་འགག་སྒོ་ལས་བཟོ་པའི་ཁྱིམ་97བསྐྲུན་པ། མཐའ་མཚམས་རྫོང་དང་ཤང་གི་ལས་བཟོ་པའི་ཁྱིམ་ཚང་འཛུགས་སྐྲུན་བྱེད་པར་ཁ་གསབ་སྒོར་ཁྲི་300ལྷག་ཙམ་བཀོད་སྒྲིག་བྱས་ཏེ། བཟོ་ཚོགས་ས་ཚིགས་513བསྐྲུན་པ་དང་རིམ་རྩིས་བྱས་ན་ལས་བཟོ་མི་ཐེངས་ཁྲི་71ལ་ཞབས་འདེགས་ཞུ་བཞིན་ཡོད། དུས་མཚུངས་རྒྱུན་གཏན་ཅན་གྱི་སྨན་བཅོས་ལས་དོན་སྤེལ་ནས་ལྗོངས་ཕྱི་ནང་གི་སྨན་བཅོས་ཁག་209ཀྱི་མི་6131བཀོད་སྒྲིག་བྱས་པ་མ་ཟད། སྒོར་དུང་ཕྱུར་1ཙམ་བཏང་ནས་དཀའ་ངལ་ཡོད་པའི་ལས་བཟོ་པར་རོགས་རམ་གྱིས་དྲོ་སྐྱིད་སྐྱེལ་བ་དང་། ཞིང་པ་ལས་བཟོ་པའི་བུ་ཕྲུག་ལ་སྔོན་སྦྱོང་དང་གཟུགས་པོར་བརྟག་དཔྱད་སོགས་བཟོ་ཚོགས་ཀྱིས་དམངས་འཚོའི་དོན་དངོས་ཁག11ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ནས་ལས་བཟོ་མི་ཐེངས་ཁྲི་24ལ་ཕན་པ་ཐོབ་པ་རེད། གྲོང་ཚོར་བཅའ་སྡོད་རུ་མི་དང་མཐའ་སྲུང་མི་དམངས་ཉེན་རྟོག་པར་ཁ་ཕྱོགས་པའི་རྒྱང་རིང་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱས་པས་མི་ཐེངས་ཁྲི་2.74ཟིན་ཡོད།

འདི་ལོ་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1ཙམ་མུ་མཐུད་བཀོད་སྒྲིག་བྱས་ཏེ། ཁྱིམ་ཚང་ཁྲི་ལ་དྲོ་སྐྱིད་ཕུལ་ནས་གཞི་རིམ་ལ་ཞབས་འདེགས་ཞུ་རྒྱུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明