西藏青年报藏文版གལ་ཆེའི་གསར་འགྱུར། དཀའ་ཚེགས་ཆེ་བའི་ལམ་སྐྱོང་དུམ་བུ་རུ། དམར་མདངས་བཀྲ་བའི་དར་དམར་ལྷབ་ལྷུབ་གཡོ། པར་རིས་གསར་འགྱུར། བོད་ཀྱི་རྫོང་རིམ་པའི་འཕྲལ་མཁོའི་རླུང་འཕྲིན་དྲ་ཐོག་ཏུ་བསྒྲུབས་ཚད་90%ཡན་ཟིན་པ།

放大 缩小 默认

བོད་ཀྱི་རྫོང་རིམ་པའི་འཕྲལ་མཁོའི་རླུང་འཕྲིན་དྲ་ཐོག་ཏུ་བསྒྲུབས་ཚད་90%ཡན་ཟིན་པ།

ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་བོད་ཀྱི་རྫོང་རིམ་པའི་འཕྲལ་མཁོའི་རླུང་འཕྲིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཏང་ཙུའུ་ཡི་ཁོངས་མི་ཅུས་ཀྲང་གཞོན་པ་རྡོ་རྗེ་ཚེ་བརྟན་གྱིས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་རྫོང་རིམ་པའི་འཕྲལ་མཁོའི་རླུང་འཕྲིན་ལས་དོན་ཡག་པོ་བསྒྲུབ་ནས། མི་དམངས་མང་ཚོགས་ལ་འཕྲལ་མཁོའི་རླུང་འཕྲིན་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱས་ཏེ། ཏང་གི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་དུ་ཁྱབ་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

2018ལོ་ནས་བཟུང་རྒྱལ་ཁབ་ཀྱིས་རིམ་རྩིས་མ་དངུལ་སྒོར་དུང་ཕྱུར་3.23བཏང་ནས་རང་ལྗོངས་སུ་རྫོང་རིམ་པའི་སྟེགས་བུ་71འཛུགས་སྐྲུན་དང་། མདུན་སྣེའི་ཤང་དང་གྲོང་རྡལ་671དང་། མདུན་སྣེའི་སྲིད་འཛིན་གྲོང་ཚོ་5251དང་། སྒྲ་སྒྲོག་ཆེན་པོ་ཁྲི་8ལྷག་ཙམ་རྒྱབ་སྐྱོར་བྱས་ཡོད། ཉེ་ཆར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1330བཏང་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སོགས་ཁུལ་གསུམ་གྱི་འཕྲལ་མཁོའི་རླུང་འཕྲིན་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་ཡིན། སང་ལོར་རྫོང་74ལ་འཕྲལ་མཁོའི་རླུང་འཕྲིན་ཁྱབ་པ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་འཕྲལ་མཁོའི་རླུང་འཕྲིན་མ་ལག་འཛུགས་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས《རང་སྐྱོང་ལྗོངས་ཀྱི་འཕྲལ་མཁོའི་རླུང་འཕྲིན་དོ་དམ་ལམ་ལུགས》སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་བཟོས་ནས་དོ་དམ་སྡེ་ཁག་དང་འཁོར་སྐྱོད་སྲུང་སྐྱོང་སྒྲིག་གཞི་ཁ་གསལ་བྱས་ཏེ་ལས་གནས་དང་མི་སྣ་བཀོད་སྒྲིག་བྱེད་པ་དང་། ལས་སྒོའི་རྐང་འཛིན་མི་ཐེངས་200ལྷག་ཙམ་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་རྒྱུན་གཏན་གྱི་དོ་དམ་དང་། བཀོད་འདོམས་བཀོད་གཏོང་། ཆ་འཕྲིན་ཁྱབ་སྤེལ་སོགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་ལེགས་པར་བསྒྲུབ་རྒྱུ་ཡིན། འཕྲལ་མཁོའི་རླུང་འཕྲིན་དེ་བདེ་འཇགས་ངང་གཏོང་བའི་དོ་དམ་མ་ལག་ནང་བཅུག་ནས་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་ལེན། རླུང་འཕྲིན་དང་བརྙན་འཕྲིན་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་རྫོང་རིམ་པའི་ཚད་ལྡན་ཅན་གྱི་ཚོད་ལྟའི་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཉམས་གསོའི་སྲུང་སྐྱོང་དྲ་ཚིགས་བཙུགས་ཏེ། འཕྲལ་མཁོའི་རླུང་འཕྲིན་སྒྲིག་ཆས་ཀྱི་སྐྱོན་དེ་དུས་ཐོག་ཏུ་ཞིབ་བཤེར་བཟོ་བཅོས་ཐུབ་པའི་འགན་ལེན་དང་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་འཕྲལ་མཁོའི་རླུང་འཕྲིན་དྲ་ཐོག་ཏུ་ཞུགས་ཚད་90%ཡན་དུ་བརྟན་པོ་ཡོང་བ་བྱེད་དགོས།

གཞན་ཡང་གནོད་འཚེའི་སྔོན་གྱི་ཉེན་བརྡ་དང་གནོད་འཚེའི་ཁྲོད་ཀྱི་ཁྲིད་སྟོན། གནོད་འཚེའི་རྗེས་ཀྱི་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ཏེ་སྤྱི་དམངས་ཀྱི་བདེ་འཇགས་འདུ་ཤེས་དང་འཕྲལ་མཁོའི་ཉེན་འགོག་ནུས་པ་ཆེ་རུ་གཏོང་དགོས། འདི་ལོ་འཕྲལ་མཁོའི་རླུང་འཕྲིན་ཞབས་ཞུའི་ཆུ་འགོག་གེགས་སྐྱོད(2024)ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་གནོད་འགོག་གེགས་སེལ་དྲིལ་བསྒྲགས་ཉེན་བརྡའི་ཆ་འཕྲིན་ཁྲི་1.2ལྷག་ཙམ་ཁྱབ་བསྒྲགས་བྱས་ཏེ། སྔོན་བརྡ་ཁྱབ་བསྒྲགས་དང་། རོགས་སྐྱོབ་རྩ་འཛུགས། མང་ཚོགས་སྤོ་སྒྱུར་བཀོད་སྒྲིག མི་སེམས་བརྟན་ལྷིང་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明