西藏青年报藏文版ཕྱོགས་བསྡུས། ཡར་ཀླུང་གཙང་འགྲམ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་བྱས། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས། དགོངས་དོན་མི་སེམས་གཏིང་ཟབ་ཟུག ལྷོ་ཁ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་ཐད“ཁྱེད་ཀྱིས་གསུངས་དང་ང་ཡིས་ཞིབ་བཤེར་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ།

放大 缩小 默认

ཡར་ཀླུང་གཙང་འགྲམ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་བྱས།

“ང་ཚོས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ནས་མཐུན་སྒྲིལ་དམ་ཟབ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རོགས་རམ་བཅས་བྱས་ཚེ་གཞི་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ”ཅེས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་སྐུ་ཁམས་གྲོང་ཚོའི་བོད་རིགས་གྲོགས་པོ་ཆུང་ཆུང་ཟླ་བ་བཀྲ་ཤིས་ཀྱིས་བཤད།

སྐུ་ཁམས་གྲོང་ཚོར་རྒྱ་རིགས་དང་། བོད་རིགས། ཧོར་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོའི་མང་ཚོགས་མཉམ་དུ་འཚོ་སྡོད་བྱེད་ཀྱི་ཡོད། དེ་སྔ་གྲོང་ཚོའི་ནང་གི་རྒན་རྒོན་དང་། ནད་པ། དབང་པོ་སྐྱོན་ཅན་སོགས་ངལ་རྩོལ་ནུས་ཤུགས་ཤོར་བའི་མི་འབོར་གྱིས་སྤྱིའི་མི་འབོར་གྱི་57%བཟུང་བའི་ཁར། ཕྱིར་གླ་པར་སྐྱོད་པ་སོགས་ཀྱིས་རྐྱེན་པས་ཁྱིམ་ཚང་མང་པོ་ཞིག་ལ་ངལ་རྩོལ་ནུས་ཤུགས་འདང་གི་མེད།

དཀའ་གནད་དེ་ཐག་གཅོད་བྱ་ཆེད། གྲོང་ཚོའི་མཉམ་སྡེབ་ཀྱིས་དེ་སྔ་གྲོང་ཚོའི་ནང་གི་ངལ་རྩོལ་ནུས་ཤུགས་ལྷག་མ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་རོགས་རེས་ཚོགས་ཆུང་བཙུགས་ནས་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཁྱིམ་ཚང་ལ་ཞིང་ལས་བྱེད་རོགས་ཀྱིས་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་གང་ལེགས་བཏོན་པ་དང་འབྲེལ་ཡོད་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པ་མ་ཟད། མང་ཚོགས་ལ་ཕྱིར་གླ་པར་སྐྱོད་པའི་ཆ་འཕྲིན་མཁོ་འདོན་ཡང་བྱས་ཡོད། གླིང་མདའ་ཤང་གི་ཤང་ཀྲང་ཚེ་བརྟན་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར། 2023ལོར་སྐུ་ཁམས་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་3970.8ཟིན་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་17316ཟིན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་རོགས་རེས་དང་རོགས་སྐྱོར་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད།

ད་ལོ་སྐུ་ཁམས་གྲོང་ཚོ《ཁག་གསུམ་པའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང(ཆུས)དང་། དཔེ་བཟང་ཚན་པ། ཁག་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིར་མིང་འདོགས་རྩིས་ཡོད་པའི་མིང་ཐོའི》དཔེ་བཟང་གྲོང་ཚོའི(སྡེ་ཁུལ)ནང་བཅུག་པ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཙམ་ཞིག་རེད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ནི་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ལྡོག་མེད་ཀྱི་ཐབས་ལམ་ཞིག་རེད། ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་འཛིན་གྱིས། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ནང་སར་སློབ་གསོ་དང་ལེན་དང་། ལས་ཞུགས་ལས་གཏོད། ཚོང་གཉེར་དང་གླ་པ་བཅས་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་བྱས་པས་ལོ་ཧྲིལ་པོར་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དབར་ཕན་ཚུན་སྤེལ་རེས་བྱེད་མཁན་མི་ཐེངས་ཁྲི་2ལྷག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བཏོད་ཅིང་། གྲོང་ཁྱེར་ཡོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་14དང་དཔེ་བཟང་མི་སྒེར་22ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་151དང་དཔེ་བཟང་མི་སྒེར་250ཡོད་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(ཚན་པ)12དང་། སློབ་གསོའི་རྟེན་གཞི་1 རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང་དང་ཆུས(ཚན་པ)159བཅས་ཡོད་པ་རེད།

ད་ཆ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་ལྷོ་ཁའི་ས་གནས་ཁག་ཏུ་རྒྱུན་མཐུད་སྤེལ་བཞིན་ཡོད་པ་རེད།

འཕྱོངས་རྒྱས་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁང་ད་ལོ་དངོས་སུ་སྒོ་ཕྱེ་བ་དང་། ཁང་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ“ལོ་རྒྱུས་ཀྱིས་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་མོར་བདེན་དཔང་བྱེད་པ”དང་།“བསམ་པའི་སྟོབས་ཤུགས་ཀྱིས་སེམས་པ་མཐུན་པར་ཁྲིད་སྟོན་བྱེད་པ” “རིག་གནས་ཀྱིས་མི་རིགས་ཀྱི་བླ་སྲོག་གཅིག་ཏུ་སྒྲིལ་བ” “དུས་རབས་ཀྱིས་བསྐྱར་དར་གྱི་ཕུགས་འདུན་ལ་འབོད་སྐུལ་བྱེད་པ”བཅས་ཁག་བཞི་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་སྣེ་མང་གཞི་གཅིག་གི་མི་རིགས་ཀྱི་ལྟ་བར་རྒྱས་བཤད་བྱས་ཡོད།

ད་ཆ་གནའ་བོའི་སྐྲུན་དངོས་གང་ལེགས་སྤྱད་པ་བརྒྱུད་ལྷོ་ཁའི་ལྷ་ཡུལ་ཤང་གི་ལོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཆང་ཁྱིམ་གཞིས་ཀ་ས་གནས་དེ་གའི་སྤྱི་པའི་རིག་གནས་ཞབས་ཞུའི་ལྟེ་གནས་སུ་གྱུར་ཏེ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་ཚུན་གྱི་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་བརྗོད་ཡོད།

ལྷོ་ཁའི་ངར་རབ་གྲོང་རྡལ་སློབ་ཆུང་གི་སེམས་མཐུན་ཕུགས་འདུན་གཏོད་པའི་རིག་གནས་གླིང་དུ་སྐྱོད་སྐབས། རང་རྒྱལ་གྱི་མི་རིགས་ཁག་གི་ངོ་སྤྲོད་མདོར་བསྡུས་ཀྱི་བྱང་བུ་འགྲོ་ལམ་གཡས་གཡོན་དུ་བཙུགས་ཡོད་པ་དང་། མི་རིགས་མི་འདྲ་བའི“འགྲེལ་བཤད་པ་ཆུང་ཆུང”ཚོས་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ངོ་སྤྲོད་བྱས་པ་དང་། སྒྲ་འཇུག་སློབ་ཁང་གི“མཁའ་དབྱིངས་སློབ་ཁང”ནང་སློབ་མ་ཚོས་ཧུའུ་ནན་ཁྲང་ཏེའི་སློབ་ཁང་དང་ཐད་གཏོང་སྦྲེལ་མཐུད་བྱེད་བཞིན་ཡོད་པ་སོགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ས་བོན་བྱིས་པ་ཚོའི་དཔེ་དེབ་ཀློག་པའི་སྒྲའི་ཁྲོད་མྱུ་གུ་འབུས་བཞིན་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明