西藏青年报藏文版གལ་ཆེའི་གསར་འགྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལ

放大 缩小 默认

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལ

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅུན་ཀྲེང་།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། (སྟོད་ཆ)

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ་འཚོགས་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཤིང་། དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ། འདུ་ཤེས་སྔར་བས་གསར་བརྗེས་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱེད་དགོས།

གཅིག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་ལས་དོན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར། ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས།

དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་ཤིང་། སྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེགས་པའི་ཐབས་མཆོག་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ལྡོག་མེད་ཅིག་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་འབྱེད་པ་ཞིག་ཡིན་པས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་སྒོ་མོ་ཕྱེ་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའང་དུས་རབས་འབྱེད་པ་ཞིག་ཡིན་པས། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་གོ་རིམ་ལྡན་པ་དང་ཕྱོགས་ཡོངས་ནས་ཇུས་འགོད་ཀྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་སྐྱོད་འགོ་བཙུགས་པ་དང་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་རྐྱང་བཏོད་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ཇུས་འགོད་ཚན་རིག་དང་མཐུན་པ་བྱས་ཡོད། དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལག་ལེན་གྱི་རྒྱུན་མཐུད་ལེའུ་ཞིག་རེད་ལ། རྒྱང་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་ཡིན་པས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་རླབས་པོ་ཆེའི་རྣམ་པ་གསར་རྐྱང་གཏོད་ངེས་རེད། རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་འཆར་འགོད་དེ་དོན་དངོས་སུ་སྒྱུར་དགོས་ན། ངེས་པར་དུ་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པ་དང་སྒྱུར་བཅོས་སྒོ་དབྱེའི་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པར་བྱས་ཏེ། སྒྱུར་བཅོས་ཟམ་མི་ཆད་པར་རྒྱ་ཆེ་དང་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒྱུར་བཅོས་བརྒྱུད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས།

སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་ཤིང་། ལག་ལེན་ལ་ཚར་དུས་མེད་ལ་སྒྱུར་བཅོས་གསར་གཏོད་ལའང་ནམ་ཡང་རྫོགས་དུས་མེད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་ནས་ད་བར་དུ་སྤྱི་ཚོགས་ལག་ལེན་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་དང་མཐའ་མཚམས་སྔར་བས་རྒྱ་སྐྱེད་སོང་ནས་སྤྱི་ཚོགས་ཀྱི་འབྲེལ་བ་དེ་བས་རྙོག་འཛིང་ཆེ་རུ་སོང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གསར་གཏོད་རང་བཞིན་གྱིས“ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དང་། རྩེ་རིམ་ཇུས་འགོད་དང་དཔལ་འབྱོར་གྱི་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་སྔར་བས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། དེ་ནི་ཏང་གིས་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་བ་འགུལ་འགྱུར་སྐོར་གྱི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རྩ་བའི་རིགས་པ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་གཏིང་ཟབ་ཏུ་དང་འཕེལ་རྒྱས་བཏང་བ་ཞིག་རེད། ང་ཚོས་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་བ་འགུལ་འགྱུར་གྱི་ཆོས་ཉིད་མཛུབ་ཁྲིད་དུ་བྱས་ཏེ། སྒྱུར་བཅོས་ཀྱི་ནང་གནས་གཏན་ཚིགས་དང་འཕོ་འགྱུར་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་རང་འགུལ་རང་བཞིན་དང་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཁྲོད་དུ་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་ཐུབ་པ་བྱེད་དགོས།

མི་དམངས་མང་ཚོགས་ཀྱི་རེ་འདུན་དང་བསྟུན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་ཤིང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད། ཟང་ཟིང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་ཀྱི་འཕོ་འགྱུར་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་ཀྱི་མདུན་དུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། དེ་ནི་མི་དམངས་ཀྱི་སྤྱིའི་ཁེ་ཕན་དང་། གཞི་རྩའི་ཁེ་ཕན། ཕུཌ་ཀྱི་ཁེ་ཕན་བཅས་དང་ཧ་ཅང་མཐུན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་དམ་འཛིན་ཏན་ཏིག་དང་དམ་འཛིན་ནན་པོ་བྱེད་པ་དང་སྒྱུར་བཅོས་ཀྱི་བྱ་ཐབས་དེ་བས་གནད་ལ་འཁེལ་པོས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་དང་འབྲེལ་མཐུད་ཐུབ་པར་བྱས་ནས། བོད་ཀྱི་ལས་དོན་ཁག་ལ་ཡར་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས།

གཉིས། རང་འགུལ་ངང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བར་བརྟེན་ནས་བོད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ནི་དམངས་གཙོའི་བཅོས་སྒྱུར་ལས་བྱུང་བ་དང་སྒྱུར་བཅོས་སྒོ་དབྱེ་ལས་དར་རྒྱས་བྱུང་བ་ཞིག་རེད། 1959ལོར་འགོ་ཚུགས་པའི་དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། ཟིལ་རླབས་དགུང་དུ་འཕྱུར་ཤོས་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། དེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་ཉིད་ཀྱི་ལས་དབང་རང་གིས་འཛིན་པ་དང་རང་ཁྱིམ་རང་བདག་བྱེད་པའི་དུས་རབས་གསར་རྐྱང་ཞིག་བཏོད་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དུ་བོད་འདི་ཉིད་ཀྱང་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་འདྲ་བར་འཆར་གཞིའི་དཔལ་འབྱོར་ནས་ཁྲོམ་རའི་དཔལ་འབྱོར་དང་། སྒོ་རྒྱག་ནས་སྒོ་དབྱེ། དབུལ་ཕོངས་རྗེས་ལུས་ནས་ཕྱོགས་ཡོངས་ནས་ཡར་ཐོན་བཅས་སུ་འཕོ་འགྱུར་བྱུང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་རྣམ་པ་ལེགས་སུ་ཤུགས་ཆེན་སོང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ཞིང་། རྨང་གཞིའི་རང་བཞིན་དང་གསར་གཏོད་རང་བཞིན་གྱི་སྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ནུས་ཕྱོད་ལ་ཟམ་མི་ཆད་པར་བསྒྱུར་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་ཡར་ངོའི་ཟླ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་ང་ཚོས་བོད་ཀྱི་སྒྱུར་བཅོས་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་ཟམ་མི་ཆད་པར་བཏང་ནས་རྩ་ཆེའི་ཉམས་མྱོང་བསགས་པ་སྟེ། ངེས་པར་དུ་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་པ། ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ནས་སྒྱུར་བཅོས་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས་པ་དང་། ངེས་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། “ངེས་པར་དུ་བཅུ”ཡི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་སྒྱུར་བཅོས་མཐར་ཕྱིན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མི་འབོར་གྱི་བྱང་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ། ངེས་པར་དུ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སྒྱུར་བཅོས་ཁག་ལ་རྒྱུན་འཁྱོངས་ལྷོད་མེད་ངང་དོན་གཉེར་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དེ་བས་ལེགས་པའི་ངང་དོན་འཁྱོལ་བྱས་ནས་འབྲས་བུ་སྨིན་རྒྱུར་སྐུལ་འདེད་གཏོང་དགོས་པ། ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་སྒྲུབ་པ་དང་གཞི་རིམ་དུ་སྒྲུབ་ཐུབ་པ་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་པ། ངེས་པར་དུ་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་བྱེད་དགོས་ཤིང་། གནད་དོན་གྱི་འཛིན་ཕྱོགས་དང་། དམིགས་ཚད་ཀྱི་འཛིན་ཕྱོགས། གྲུབ་འབྲས་ཀྱི་འཛིན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་ཀྱི་བྱེད་ཐབས་དག་སྲིད་ཇུས་ཀྱི་བླང་ཕྱོགས་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་ལེན་བསྟར་རིང་ཕན་ཚུན་སྐུལ་འདེད། སྒྱུར་བཅོས་ཀྱི་ཕན་འབྲས་ཐད་ཕན་ཚུན་ཕན་ཐོགས་པ་བཅས་ལ་འགན་ལེན་བྱེད་དགོས། ཉམས་མྱོང་དེ་དག་ནི་དེ་སྔའི་ལས་ཀའི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་ཞིག་རེད་ལ། བོད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཀྱང་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག སྒྱུར་བཅོས་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་སྣང་ཆེན་བྱེད་པ་དང་ཕྱོགས་ཁག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་འབྲེལ་བ་གལ་ཆེན་དེ་དག་ཁོང་དུ་ཆུད་པ་དང་ཐག་གཅོད་ཡག་པོ་བྱ་རྒྱུ་དེར་བོད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས་ཤིང་། ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱོད་མཁས་པོ་བྱས་ནས་ཁྲིམས་སྐྱོང་གི་ཁྲིད་སྟོན་དང་། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་གང་ལེགས་འདོན་དགོས་ལ། སྒྱུར་བཅོས་ཁྲོད་དུ་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་སྒྱུར་བཅོས་ཀྱི་ལག་ལེན་མདུན་ཕྱོགས་སུ་འཕེལ་བར་སྔར་བས་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་རྗེས་སུ་སྙེགས་ཐུབ་པ་བྱེད་དགོས། གཏོར་འཛུགས་དབར་གྱི་རྩོད་སྒྲུབ་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས་ཤིང་། གཏོར་འཛུགས་མཉམ་སྤེལ་དང་སྔོན་འཛུགས་རྗེས་གཏོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་ལེགས་སྒྲིག་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དུས་ཚད་ནུས་གསུམ་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། བོད་ཀྱི་སྒྱུར་བཅོས་བྱེད་ཤུགས་དང་མྱུར་ཚད་དེ་མི་དམངས་མང་ཚོགས་ཀྱི་དང་ལེན་བྱེད་ཚད་དང་དེ་བས་གཅིག་གྱུར་ཡོང་བར་བྱེད་པ་དང་བརྟན་ཐོག་ཡར་བརྩོན་དང་ཡར་བརྩོན་ལ་བརྟེན་ནས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས་ཤིང་། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཧུར་ཐག་གཏོད་པ། སྒྱུར་བཅོས་ཟབ་ཏུ་གཏོང་བར་བརྟེན་ནས་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་གསོན་ཤུགས་གསར་པ་བསྣན་ནས་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་དགོས། བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། ཡུལ་བབ་དང་བསྟུན་ཏེ་བོད་ཀྱི་དོན་དངོས་དང་མཐུན་པའི་སྒྱུར་བཅོས་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་ཆབས་ཅིག བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ངར་ཤུགས་འདོན་པ་དང་། དམིགས་ཚད་ལ་དམ་པོར་དམིགས་པ། སྙིང་རུས་ལྷོད་མེད་བྱེད་པ། རྒྱུན་མཐུད་ངང་ཤུགས་རྒྱག་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་སྒྱུར་བཅོས་ལ་ཕན་འབྲས་ངོ་མ་ཐོན་པར་འགན་ལེན་བྱེད་དགོས།

སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明