西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ལོང་བ་དང་འོན་པས་ལྕགས་ཟམ་སྒྲོལ་བ། ༄༅། །མི་ཚེའི་ལམ་བུ། ༄༅། །ངའི་རྩིས་རིག་དགེ་རྒན།  ༄༅། །དམའ་འབྲིང་ལོ་གཅིག་གི་འཚོ་བར་ཕྱིར་དྲན་བྱེད་པ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས།

放大 缩小 默认

༄༅། །དམའ་འབྲིང་ལོ་གཅིག་གི་འཚོ་བར་ཕྱིར་དྲན་བྱེད་པ།

□ 作者 ཚེ་རིང་དབྱངས་སྐྱིད།

དུས་ཚོད་ནི་མགྱོགས་པོར་འགྲོ་བ་དང་ང་རང་རིམ་བཞིན་འཚར་ལོངས་བྱུང་། མིའི་མི་ཚེའི་ནང་བརྗེད་པར་དཀའ་བའི་བྱ་བ་དང་དངོས་པོ་མང་པོ་ཡོད་སྲིད་ཅིང་། སློབ་ཆུང་གི་འཚོ་བ་ནི་རང་ཉིད་ཀྱི་སེམས་སུ་བརྗེད་པར་དཀའ་བ་ཞིག་ཡིན། འོན་ཀྱང་དེ་ཚོ་ད་ལྟ་མཇུག་བསྒྲིལ་ཟིན་ནས་རང་གི་སྙིང་ཉེ་བའི་དགེ་རྒན་དང་སློབ་གྲོགས་ཕན་ཚུན་ཁ་བྲལ་ནས་ལོ་ངོ་གཅིག་ཙམ་འདས་སོང་།

ང་ཚོ་སློབ་འབྲིང་དུ་བསྐྱོད་པའི་འགོ་ཚུགས་ཤིང་། ཉིན་ཞིག་གི་ཕྱི་དྲོར་ང་ཚོ་དངོས་སུ་དམའ་འབྲིང་གི་སྒོ་ཐེམ་བརྒལ་ཏེ་འབྱོར་ཐོ་བཀོད། སློབ་གྲྭ་གསར་པའི་ནང་ཐམས་ཅད་གསར་པ་ཡིན་རྐྱེན་ཐོག་མར་སྐྱིད་པོ་རང་མི་འདུག ཡིན་ཡང་ཉི་མ་རེ་ཟུང་ཕྱིན་ནས་དཔེ་དེབ་མང་ཆེ་བ་ལག་ལ་རག དཔེ་དེབ་ཀྱི་གྲངས་ཀ་ཧང་སང་དགོས་པའི་མང་པོ་འདུག ཡི་གེ་སྦྱོང་བའི་ལས་འགན་སྔར་ལས་ལྕི་བ་འདུག སྔོན་ཆད་སློབ་ཆུང་སྐབས་སུ་སྦྱངས་མྱོང་བའི་རིག་ཚན་འདུག་ལ། དེ་རུ་མ་འདུས་པ་ཡང་ཤིན་ཏུ་མང་། ང་ལ་སློབ་ཆུང་སྐབས་སུ་ཡོད་མ་མྱོང་བའི་སེམས་ཤུགས་འཕར་མ་ཞིག་སླེབས་ཤིང་། ངས་སློབ་ཆུང་སྐབས་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་བློ་ཐག་བཅད། དམའ་འབྲིང་ལོ་ངོ་གཅིག་གི་དུས་ཚོད་ནང་ང་ལ་གྲོགས་མོ་གསར་པ་མང་པོ་ངོ་ཤེས་ལ། ཕན་ཚུན་འཚོ་བ་དང་སློབ་སྦྱོང་ཐད་ནས་རོགས་རམ་བྱེད་རེས་བྱས་པས། དཀའ་ཚེགས་ཆུང་ལ་སློབ་སྦྱོང་ཡང་ཡར་རྒྱས་གང་ལེགས་བྱུང་། དེའི་ཁྲོད་དུ་སློབ་གྲོགས་ཕན་ཚུན་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་། དགེ་རྒན་གསར་པ་མང་པོ་ཞིག་གི་ཞལ་མཇལ་ཞིང་དགེ་སློབ་དབར་དུ་གུས་བརྩེའི་འབྲེལ་བ་ཆགས།

དུས་ཚོད་ཀྱི་འགྲོས་མགྱོགས་པས་ལོ་གཅིག་གི་འཚོ་བ་དེ་མུར་རྫོགས། འཛིན་གྲྭ་ཁག་དབྱེ་བའི་དུས་ལ་སླེབས་ནས། སྔར་འདྲིས་སློབ་གྲོགས་རྣམས་དང་ཁ་བྲལ་དགོས་བྱུང་བས། དགེ་སློབ་ཚོའི་སེམས་སུ་སྡུག་བསྔལ་ཚད་མེད་ཅིག་བཞག་ཡོད།

འཛིན་གྲྭ་བགོས་རྗེས། ཡང་ཐོག་མར་སློབ་འབྲིང་ལ་སླེབས་པ་ནང་བཞིན་ཉེ་འཁོར་གྱི་མི་དང་བྱ་དངོས་ཚང་མ་གསར་པར་གྱུར་སོང་། འོན་ཀྱང་། འཛིན་གྲྭ་བགོ་བ་ནི་ང་ཚོ་ནར་སོན་པའི་གོ་སྐབས་ཤིན་ཏུ་ཡག་པོ་ཞིག་ཡིན་པས། སེམས་སྡུག་བྱས་ནས་མ་བསྡད་པར། སྔར་ལས་ལྷག་པའི་སྒོ་ནས་འབད་པ་བྱས་ཏེ་རང་གི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་བྱེད་དགོས། འཚོ་བ་གསར་པ་དང་ཁོར་ཡུག་གསར་པ་བཅས་ཀྱི་མདུན་དུ་ཚང་མ་ཡ་མཚན་གྱིས་ཁེངས་ཡོད་ལ། དགེ་རྒན་གསར་པའི་སློབ་ཁྲིད་བྱེད་སྟངས་ཀྱང་ནམ་རྒྱུན་དང་འདྲ་ཡི་མེད། ཡིན་ན་ཡང་ངས་དེ་དག་ཡོད་ཚད་ལ་གོམས་པར་བྱེད་ངེས་ཡིན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明