西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ལོང་བ་དང་འོན་པས་ལྕགས་ཟམ་སྒྲོལ་བ། ༄༅། །མི་ཚེའི་ལམ་བུ། ༄༅། །ངའི་རྩིས་རིག་དགེ་རྒན།  ༄༅། །དམའ་འབྲིང་ལོ་གཅིག་གི་འཚོ་བར་ཕྱིར་དྲན་བྱེད་པ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས།

放大 缩小 默认

༄༅། །མི་ཚེའི་ལམ་བུ།

□ 作者 སྒྲོལ་མ་ཆོས་མཚོ།

ང་ཚོའི་སློབ་ཚན་ནང་ལ“མི་ཚེ་ནི་རིང་དུ་བསྲིངས་པའི་ལམ་ཞིག་དང་མཚུངས་ཤིང་། མི་རེ་རེའི་མདུན་དུ་རྒྱང་རིང་དུ་འཐེན་པའི་ལམ་བུ་རེ་ཡོད”ཅེས་བྲིས་འདུག ལམ་དེ་ནི་རྒྱང་རིང་དུ་ཡོད་པའི་རླབས་ཆེན་གྱི་ཕུགས་འདུན་དེ་རེད། ང་ཚོ་རླབས་ཆེན་གྱི་ལམ་དེར་བགྲོད་དུས། གཟར་བའི་གཡང་དང་དོག་པའི་འཕྲང་ལ་འཕྲད་སྲིད་ཅིང་ཡི་མུག་ཅིང་བློ་ཡང་ཕམ་སྲིད། ཡིན་ཡང་མི་ཚེའི་ལམ་དུ་རང་ལ་ཡིད་ཆེས་དང་སྤོབས་པ་ལྡན་དགོས། ང་ཚོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་སྦྱོང་ལ་བརྩོན་པ་བྱས་ན་མ་འོངས་པའི་སྤྱི་ཚོགས་ཐོག་མགོ་དགྱེ་ནས་འགྲོ་ཐུབ་ཅེས་དགེ་རྒན་དང་ཕ་མས་གསུངས་ཀྱི་ཡོད། དེ་ནི་དངོས་གནས་རེད། དེང་གི་སྤྱི་ཚོགས་འདི་ནི་ཕན་ཚུན་འགྲན་པའི་སྤྱི་ཚོགས་ཤིག་ཡིན། སློབ་མ་ཞིག་གི་ངོས་ནས་བཤད་ན། རང་ཉིད་ཧ་ཅང་སྙན་གྲགས་ཅན་གྱི་སློབ་གྲྭ་ཆེན་མོ་ཞིག་མ་ལོན་པའམ་ཡང་ན་རང་ལ་ཆེད་ལས་གཞན་ལས་ཁྱད་དུ་འཕགས་པ་ཞིག་མེད་ན་སྤྱི་ཚོགས་ཀྱིས་རྒྱབ་ལ་གཡུགས་སྲིད། དེར་བརྟེན་ང་ཚོས་མཛེས་སྡུག་གི་མི་ཚེའི་ཆེད་དུ་རང་གི་མདུན་ལམ་འཕྲོ་བརླག་མི་གཏོང་བར་འཇིག་རྟེན་གྱི་མཚར་སྡུག་ཁྲོད་རང་གི་སྒྱིད་ལུག་དང་མུན་པ་དཀྲོགས་ནས་ལམ་ཆེན་དུ་ཧུར་ཐག་ཆས་དགོས།

ང་ཚོས་རང་གི་ལམ་འདིར་བཀུར་བསྟི་དང་བརྩི་འཇོག་བྱེད་དགོས། རྒྱུ་མཚན་ནི་ང་ཚོ་ནི་འཇིག་རྟེན་འདིའི་གནས་སྐབས་ཀྱི་མགྲོན་པོ་ཡིན་པ་དང་། རང་གི་ཚེ་སྲོག་འདི་རང་ལ་མི་དབང་བ་མ་ཟད་ག་དུས་འཇིག་རྟེན་འདི་དང་ཁ་བྲལ་ཧ་མི་གོ། ང་ཚོས་ད་ལྟའི་དུས་འདི་བདེ་སྐྱིད་དང་དོན་སྙིང་ལྡན་པའི་ངང་འཚོ་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེ། ང་ཚོས་དུས་རྒྱུན་དུ་ཕ་མ་དང་སྤུན་མཆེད་མཉམ་དུ་སྐད་ཆ་མང་ཙམ་ཤོད་པ་དང་། རང་གི་དགའ་བའི་བྱ་བ་དེ་སྒྲུབ་ཐུབ་པ། རང་འགྲོ་བསམ་པའི་ས་ཆ་ལ་འགྲོ་ཐུབ་པ། ཟ་འདོད་པའི་རྔན་པ་ཕངས་སེམས་མེད་པ་ཟ་ཉོ་བྱེད་བཞིན་རེ་བས་ཁེངས་པའི་མ་འོངས་པར་ཆས་འགྲོ། གལ་ཏེ་དུས་དང་རྣམ་པ་ཀུན་ཏུ་གདོང་ནག་པོ་བསྟན་པ་དང་། སེམས་པ་སྐྱིད་པོ་མེད་པར་མ་འོངས་པའི་ཆེད་དུ་ཤེས་བྱ་རིག་གནས་ལ་བརྩོན་པ་བྱས་ན་སྙིང་པོ་དེ་ཙམ་མེད། རྒྱུ་མཚན་ནི་ལམ་དེར་བསྐྱོད་སྐབས་རང་ཉིད་དཀའ་ངལ་དང་སྡུག་བསྔལ་གྱིས་ཁེངས་ཡོད།

ལམ་ནི་མི་ཚེ་ཡིན་པས་ང་ཚོས་བདེ་སྐྱིད་དང་དོན་སྙིང་ལྡན་པའི་དུས་ད་ལྟ་བ་སྐྱེལ་བཞིན་དུ་མཚར་སྡུག་དང་རེ་བས་ཁེངས་པའི་དུས་མ་འོངས་པ་ལ་ཧུར་བརྩོན་དང་སྤོབས་པ་ཆེན་པོས་བསྐྱོད་དགོས་སོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明