西藏青年报藏文版ཕྱོགས་བསྡུས། རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་དྲ་བ་མུ་མཐུད་བརྟན་དུ་བཏང་བ། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་  མཚོ་ཆེན་གྱི་ར་ཁུལ་སྨུག་པོའི་ཐོན་ལས་ཀྱིས་འབྲོག་པར་ཡོང་འབབ་འཕར་བ།

放大 缩小 默认

མཚོ་ཆེན་གྱི་ར་ཁུལ་སྨུག་པོའི་ཐོན་ལས་ཀྱིས་འབྲོག་པར་ཡོང་འབབ་འཕར་བ།

འདི་ནི་མཚོ་ཆེན་རྫོང་གི་ཚོང་པས་རའི་ཁུ་ལུ་སྤྱད་ནས་བཏགས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འཁོད་པའི་ཁ་བཏགས་སྟོན་བཞིན་པ།

མཚོ་ཆེན་གྱི་ར་ཁུལ་སྨུག་པོ་ཞེས་པ་ནི་བོད་ཀྱི་མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོ་འགོད་བྱས་པའི་ཞིང་ལས་ཐོན་རྫས་ཁག་དང་པོ་ཡིན། ལོ་མང་པོའི་རིང་། མཚོ་ཆེན་རྫོང་གིས་ར་ཁུལ་སྨུག་པོའི་རྒྱུད་བཟང་ར་བར་བརྟེན་ནས་ར་ཁུལ་སྨུག་པོའི་རྒྱུད་བཟང་འདེམས་གསོ་དང་ཁྱབ་གདལ་ཤུགས་ཆེན་བཏང་བས། ར་ཁུལ་སྨུག་པོའི་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་མངོན་ཁར་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་སོང་ཡོད། མིག་སྔར། མཚོ་ཆེན་རྫོང་ལ་རའི་རྒྱུད་བཟང་གི་དཔེ་སྟོན་གྲོང་ཚོ་5དང་ར་ཁུལ་སྨུག་པོའི་དཔེ་སྟོན་དུད་ཁྱིམ་816ལ་ར་ཁུལ་སྨུག་པོའི་རྒྱུད་བཟང་གི་གྲངས་འབོར་ཁྲི་13.11ཡོད་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明