西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཏང་གི་སྲིད་ཇུས་བཟང་པོར་བསྟོད་གླུ་ལེན། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་འཚོགས་ནས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་ ༄༅། །བརྩེ་བའི་རྒན་ལགས། ༄༅། །བདག་གི་དྲིན་ཆེན་ཨ་མ།

放大 缩小 默认

༄༅། །ཏང་གི་སྲིད་ཇུས་བཟང་པོར་བསྟོད་གླུ་ལེན།

□ 作者 འབྲུ་སྲིད་ཆོས་ཚེ་རིང་།

མི་རིགས་ང་དྲུག་རྡོག་རྩ་གཅིག་ཏུ་བསྒྲིལ། །

མི་དམངས་ཕན་བདེ་སྲིད་ཀྱི་རྩ་བར་བཟུང་། །

མི་སེར་ཡོད་རྒུ་དབུལ་པོའི་གནས་ལས་བསྒྲལ། །

ཡང་དག་མཁས་མཛངས་ཏང་གི་དབུ་ཁྲིད་བཟང་། །

དམངས་གཙོའི་བཅོས་སྒྱུར་བྱ་གཞག་རླབས་པོ་ཆེས། །

བོད་ཀྱི་གང་སར་བདེ་སྐྱིད་ས་བོན་གཏོར། །

དམངས་གཙོའི་བཅོས་སྒྱུར་བྱ་གཞག་རླབས་པོ་ཆེར། །

བསྟོད་པའི་གླུ་སྐད་ས་མཐོའི་ཕྱོགས་བཞིར་ཁྱབ། །

དམངས་གཙོའི་བཅོས་སྒྱུར་ཉིན་བྱེད་འོད་ཟེར་གང་། །

དབང་ཕྱོགས་ཤར་རིའི་སྤོ་ནས་འཆར་བ་ཡིས། །

མུན་ནག་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་དཔུང་། །

དགའ་བའི་འཛུམ་ཞལ་ཆུ་སྐྱེས་ཞལ་ཁ་ཕྱེ། །

བཀས་བཀོད་རྒྱུད་འཛིན་མུན་ནག་ཐ་གུའི་སྣེ། །

བཅོས་སྒྱུར་སྲིད་ཀྱིས་དུམ་བུར་གཏུབས་པའི་ཚེ། །

ཡུན་རིང་ངལ་བའི་ཞིང་བྲན་ཁྲི་ཚོ་བརྒྱར། །

ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་ཡིད་སེམས་མྱོས། །

བཀོད་ལེགས་བ་གམ་ཁང་བཟང་ཕྲེང་བ་ཡིས། །

ཀུན་ནས་རབ་མཛེས་གྲོང་གསེབ་གསར་པའི་ནང་། །

བདེ་སྐྱིད་དཔལ་ཡོན་དགའ་སྐྱིད་དགོད་སྒྲ་ཡིས། །

རྒན་གཞོན་འཚོ་བའི་ཉམས་བཟང་ཨེ་མ་རྨད། །

གཉེན་ཉེ་བུ་ཕྲུག་བྲལ་བའི་རྒན་རྒོན་ཚོགས། །

བྱམས་པའི་ཕྱག་གིས་རྒན་གསོའི་ཁྱིམ་ཚང་ནང་། །

མ་ལྟར་སྐྱོང་བའི་ཞབས་ཞུ་སྣ་མང་གིས། །

ཚེ་མཇུག་འཚོ་བ་དགོད་སྒྲའི་ཀློང་དུ་བཟི། །

གྲོང་གསེབ་ཁྱིམ་ཚང་ཕལ་པའི་བུ་ཕྲུག་ཀྱང་། །

ཤེས་རིག་སྣ་བརྒྱ་བཞད་པའི་སློབ་གླིང་དུ། །

ཡོན་ཏན་སྦྲང་རྩིའི་བགོ་སྐལ་ཅི་འདོད་དུ། །

མྱོང་སྐལ་བྱུང་བ་ཏང་གི་བཀའ་དྲིན་ལགས། །

དུང་ཕྱུར་བཅུ་བཞིའི་མི་དམངས་མཐོ་དམན་སུ། །

ཟུག་རྔུ་ནད་ཀྱིས་མནར་ཚེ་སྔོན་ཐོན་གྱི། །

སྨན་དང་སྨན་པའི་འགྲོ་གྲོན་ཕལ་ཆེར་ཡང་། །

གཞུང་ནས་འཇལ་བའི་ལམ་ལུགས་ཨེ་མ་ཡག །

སྔོན་ཆད་བགྲོད་དཀའི་ཉིན་ལམ་དུ་མའི་སར། །

ད་ལྟ་འཇུག་བདེ་སྐད་ཅིག་ཉིད་དུ་ནི། །

ཐོགས་མེད་འབྱོར་བའི་གཞུང་ལམ་སྣ་མང་གི །

འཛུགས་སྐྲུན་བྱ་གཞག་དམངས་ཀྱི་གསོས་སུ་སྨིན། །

རི་བོའི་ཁོང་ནས་ལྷུང་ལྷུང་བརྡོལ་བའི་ཆབ། །

རང་ཁྱིམ་དྲོན་མོའི་ཟོམ་དུ་དྲངས་པ་ཡིས། །

སྦགས་བཙོག་བྲལ་བའི་ཟས་སྦྱོར་ཅི་འདོད་དུ། །

རོལ་བའི་དམངས་ཀྱི་འཚོ་བ་སྣུམ་ཚིལ་ཚིལ། །

ཚོང་ལས་རིག་པའི་ལམ་ཁར་སྐྱོད་འདོད་པའི། །

ན་གཞོན་རྣམས་ལ་རོགས་སྐྱོར་སྣ་མང་གིས། །

འབྱོར་ལྡན་དཔལ་གྱི་སུམ་རྩེན་ཕོ་བྲང་དུ། །

འཛེག་པའི་ཐེམ་སྐས་འཛུགས་ལ་དགའ་ཞིང་གུས། །

མི་རིགས་གང་གི་ཐུན་མིན་རྩ་ཆེན་ནོར། །

རིག་གཞུང་སོགས་ལ་ཐབས་བརྒྱ་ཇུས་སྟོང་ངང་། །

མྱུར་སྐྱོབ་དར་སྤེལ་ལས་གཞིའི་རྣམ་གྲངས་ཀྱིས། །

མེ་ཏོག་མཉམ་བཞད་བྱེད་པའི་སྐལ་བཟང་ཤར། །

དེ་ལྟར་གསར་རྙིང་འཕོ་འགྱུར་བསྡུར་བ་ལས། །

ཞིང་བྲན་མུན་པའི་འཚོ་བར་ཞེ་ལོག་ཅིང་། །

དམངས་གཙོ་རང་དབང་དཔལ་ལ་ཡིད་སྨོན་ནས། །

ཏང་གི་བཀའ་དྲིན་ཡང་ཡང་ཡིད་ལ་དྲན། །

ཏང་གི་དབུ་འཛིན་བཟང་པོས་སྣེ་ཁྲིད་པའི། །

ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་། །

མི་རིགས་ང་དྲུག་སེ་འབྲུའི་རྡོག་པོ་བཞིན། །

ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明